གསར་འགྱུར་ཡིག་ཚགས།
2025-01-06
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་བོད་ཀྱི་གཞིས་ཀ་རྩེ་ཁུལ་དིང་རི་རྫོང་དུ་ས་ཡོམ་འགུལ་ཚད་ ༧.༡ བརྒྱབ་ཡོད་སྐོར་ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་ (USGS) ཀྱིས་བསྒྲགས་འདུག་ཅིང་། མི་ ༡༢༦ རྐྱེན་འདས་དང་ཕྱི་ཟླ་ ༡ ཚེས་ ༡༠ ཉིན་ ༣༣༧ ལ་ཕར་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་བསྒྲགས་པ་འདི་ནི་ཕྱི་ཚེས་ ༧ ཉིན་ས་ཡོམ་གྱི་དོན་རྐྱེན་བྱུང་རྗེས་རྨས་སྐྱོན་ཕོག་པའི་མི་གྲངས་ ༡༨༨ བསྒྲགས་པའི་རྗེས་སུ་གྲངས་འབོར་ཕར་བའི་སྐོར་གཞུང་འབྲེལ་གྱིས་ཕྱི་བསྒྲགས་བྱས་པ་ཐོག་མར་དེ་ཆགས་ཡོད་པ་རེད་་ལ། ས་ཡོམ་གྱིས་རྐྱེན་གྱིས་ཁང་པ་སྟོང་ཕྲག་མང་པོར་གནོད་སྐྱོན་བྱུང་ཡོད་པ་རེད། བོད་ནང་ནས་བོད་མི་ཁག་ཅིག་གིས་གསུངས་པར་གཞིགས་ན། ས་ཡོམ་གོད་ཆག་བྱུང་ཡུལ་དུ་མྱུར་སྐྱོབ་ཆེད་བསྐྱོད་དེ་མི་ཤི་རྨས་ཀྱི་གནས་བབ་དངོས་སུ་མཐོང་དུས་ཉུང་མཐར་མི་གྲངས་ ༢༠༠ རྐྱེན་འདས་སུ་གྱུར་ཟིན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་སྐོར་ཕྱི་ཚེས་ ༨ ཉིན་བརྗོད་ཡོད་ལ། ་ས་ཡོམ་དང་འབྲེལ་བའི་དྲྭ་ཐོག་གནས་ཚུལ་བཀོད་སྤེལ་བྱེད་མཁན་ ༢༡ ལ་རྒྱ་གཞུང་གིས་ཉེས་ཆད་བཀལ་ཡོད་པ་ཕྱི་ཚེས་ ༡༥ ཉིན་བསྒྲགས་འདུག
2025-01-06
བོད་མདོ་དབུས་མཐོ་སྒང་ནས་ཟངས་ཀྱི་གཏེར་ཆེན་པོ་ཞིག་གསར་རྙེད་བྱུང་པ་རྒྱ་ནག་གཞུང་གིས་བསྒྲགས་ཡོད་པ་དང་། རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྱིས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་ཐེབས་བཞིན་པ་ཉམས་ཞིབ་པས་གསུངས་བྱུང་།
2025-01-06
ཨ་རིའི་རྒྱལ་སྲུང་སློབ་སྟོན་པས་རྒྱ་གར་གྱི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་བཅས་དང་ལྡི་ལིར་མཇལ་འཕྲད་ཀྱིས་ཐབས་ཇུས་དང་ཕྱོགས་གཉིས་ཀྱི་མཉམ་འབྲེལ་གཙོ་བོར་བཟུང་ནས་གྲོས་བསྡུར་གནང་ཡོད་འདུག
2025-01-06
ཉམ་ཞིབ་པ་ཚོས་རྒྱ་ནག་གིས་གཙང་ཆུ་ཆེ་ཁག་རྣམས་མཚོན་ཆ་ལྟ་བུ་བེད་སྤྱོད་བྱེད་པའི་ལོ་རྒྱུས་ཡོད་པའི་ཉེན་བརྡ་གཏོང་བཞིན་འདུག
2025-01-06
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་འཕྲོད་བསྟེན་དྲུང་འཕར་བདེ་སྐྱིད་ལགས་ནས་ཀྱང་། རྒྱ་ནག་དང་མཱ་ལེ་ཤེ་ཡའི་ནང་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་ཡམས་དང་ཆ་འདྲ་བ་དེ། རྒྱ་གར་ནང་ད་ལྟའི་ཆར་འགོས་ཁྱབ་ཆེན་པོ་ཕྱིན་མེད་ནའང་རྒྱ་གར་གཞུང་གིས་ཡིད་གཟབ་གནང་དགོས་པའི་གསལ་བསྒྲགས་སྤེལ་ཡོད་པ་བཞིན། འཕྲོད་བསྟེན་ལས་ཁུངས་ནས་དེའི་སྐོར་ལ་ཞིབ་འཇུག་བྱེད་བཞིན་པ་དང་། དགོས་གལ་བྱུང་ན་བཀོད་ཁྱབ་གཏོང་ངེས་ཡིན་ཞེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
2025-01-05
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༥ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གདན་ས་བཀྲ་ཤིས་ལྷུན་པོར་བོད་མི་སེར་སྐྱ་མི་མང་སྟོང་ཕྲག་མང་པོའི་ཕེབས་བསུ་དང་བཅས་ཞབས་སོར་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་འཁོད་དེ། གདན་ས་བཀྲ་ཤིས་ལྷུན་པོ་དེ་ཉིན་༧རྒྱལ་བ་དགེ་འདུན་པས་ཕྱག་བཏབ་པ་དང་ང་རང་རྒྱལ་བ་དགེ་འདུན་གྲུབ་པའི་སྐྱེ་ཕྲེང་ཡིན་པས་དེ་རིང་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་སླེབས་པས་ཧ་ཅང་དགའ་པོ་བྱུང་། མ་ཟད་གདན་ས་བཀྲ་ཤིས་ལྷུན་པོ་དེ་ཉིད་དགོན་པ་་གལ་གནད་ཅན་ཞིག་ཡིན་པ་བཀའ་བསྩལ་ཡོད།
2025-01-04
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡ ཚེས་ ༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་༧ཞབས་སོར་བདེ་བར་འཁོད་གནང་མཛད་ཅིང་། སྐབས་དེར་རྒྱ་གར་གྱི་གནད་ཡོད་མི་སྣ་དང་ས་གནས་བོད་མི་མང་ཚོགས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཞུས་གནང་སོང་།
2025-01-04
དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཁྲོད་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པར་བརྟེན། སློབ་གྲྭ་ཁག་ཅིག་ཟླ་སྒྲིལ་དང་སྒོ་རྒྱག་དགོས་པའི་དཀའ་ངལ་འཕྲད་བཞིན་ཡོད་ནའང་། བོད་སློབ་ཁག་ནས་བོད་མི་མཚོན་པའི་ཧི་མ་ལ་ཡའི་རི་རྒྱུད་དང་ས་གནས་རྒྱ་གར་ཡུལ་མིའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་གོ་སྐབས་འདྲ་མཉམ་སྤྲོད་བཞིན་འདུག
2025-01-03
རྒྱ་ནག་གཞུང་གིས་ཁེ་ན་ཌའི་ནང་བོད་དོན་ཚོགས་པའི་མི་སྣ་ལྔ་ལ་བཀག་བསྡོམས་ཀྱི་ཉེས་ཆད་བཀལ་པ་འདི་རྒྱལ་མཚམས་བརྒལ་ཏེ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་པ་ཞིག་ཡིན་པ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུངས་འདུག
2025-01-03
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ཁ་ཕྱོགས་ལ་འགྱུར་བ་ཐེབས་པའི་འཐབ་ཇུས་གསར་པ་དེའི་གལ་ཆེའི་རང་བཞིན་ནི་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་འགྱུར་བ་གཏོང་ཐུབ་མིན་དེ་མིན་པར། རྒྱ་ནག་ནང་ཁུལ་གྱི་བློ་འདོན་པའི་སྟོབས་ཤུགས་ཇེ་ཆེར་གཏོང་སྲིད་པ་དེ་རེད་ཅེས་དཔྱད་རྩོམ་སྤེལ་འདུག
2025-01-03
རྒྱ་ནག་གཞུང་གིས་གློག་སྒུལ་རླངས་འཁོར་གྱི་འཕྲུལ་རིག་ལག་རྩལ་ཕྱིར་ཚོང་བྱ་ཕྱོགས་ཐད་ཚད་བཀག་གསར་པ་ཞིག་ལག་བསྟར་བྱེད་འཆར་ཡོད་པ་རེད།
2025-01-03
རྒྱ་ནག་ནང་ Human metapneumovirus - (HMPV) མེ་ཊ་ཞེས་པའི་མིའི་གློ་ཚད་རླུང་ནད་ཀྱི་ནད་ཡམས་གསར་པ་ཞིག་ཁྱབ་བརྡལ་འགྲོ་བཞིན་ཡོད་ལུགས་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་འདུག
2025-01-03
རྒྱ་ནག་གཞུང་གིས་བོད་མི་ལོ་ན་སོན་པ་ཚོ་དམག་བསྡུའི་ནང་མ་ཞུགས་ཚེ་མིང་ཐོ་ནག་པོའི་ནང་བཅུག་སྟེ་ཐོབ་ཐང་གང་ཡང་མེད་པ་བཟོ་རྒྱུ་ཡིན་པའི་བཙན་ཐབས་བྱེད་བཞིན་ཡོད་འདུག
2025-01-03
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་སྐུ་ལྷོད་བཞུགས་ཆེད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ལྡི་ལིར་ཆིབས་ཐོན་མཛད།
2025-01-02
ཆུ་བཞི་སྒང་དྲུག་ཅེས་པའི་བཙན་བྱོལ་ནང་དབྱིན་སྐད་ཐོག་བཟོ་བསྐྲུན་བྱས་པའི་བོད་ཀྱི་གློག་བརྙན་དེ་བཞིན་རོ་ཊར་ཌེམ (Rotterdam) རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༥༤ ནང་འདེམས་སྒྲུག་བྱས་པའི་ཁོངས་སུ་ཚུད་པའི་གསལ་བསྒྲགས་བྱས་འདུག