གསར་འགྱུར་ཡིག་ཚགས།
2025-01-02
འདི་ལོ་ཨ་མི་རི་ཀའི་ནང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་མཉམ་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་༧སྐུའི་གོ་སྟོན་གཉིས་ཕྱི་ཟླ་ ༣ པའི་ནང་དུས་གཅིག་ཏུ་སྲུང་བརྩི་ཞུ་རྒྱུ་རེད་འདུག
2025-01-02
བོད་ནང་དུ་ལས་དོན་ཀུན་གྱི་རྩ་བ་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་དགོས་སྐོར། ལྷ་སའི་དམར་ཤོག་དྲུང་ཆེས་བརྗོད་འདུག
2025-01-01
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གིས་ཐེ་ཝན་ཝན་རྒྱ་ནག་མཉམ་དུ་ཟླ་བསྒྲིལ་གཏོང་རྒྱུར་སུས་ཀྱང་རྒྱ་ནག་ལ་བཀག་ཐུབ་ཀྱི་མ་རེད་ཅེས་ནན་བརྗོད་བྱེད་པ་དང་ཐེ་ལྦན་གྱི་སྲིད་འཛིན་ལའེ་ཆིང་ཏེ་ (Lai Ching-te) ཡིས་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡ ཉིན་གཏམ་བཤད་བྱས་པའི་ནང་། རྒྱ་ནག་གིས་འཇིགས་སྐུལ་ཇེ་ཆེར་བྱེད་བཞིན་པའི་གནས་སྟངས་འོག་ཐེ་ལྦན་བདེ་སྲུང་གི་ནུས་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་དམ་བཅའ་བཞག་ཡོད་པ་རེད།
2025-01-01
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡ སྟེ་ཕྱི་ལོ་གསར་ཚེས་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཁམས་གསལ་ཞིང་ཞལ་མདངས་རྒྱས་པོའི་ངང་ཕྱི་ནང་གི་དད་ལྡན་མི་མང་ ༢༥༠ ཙམ་ལ་མཇལ་ཁ་རྩལ་གནང་འདུག་ལ། དེའི་ཁོང་ནས་མང་པོ་ཞིག་བལ་པོའི་མི་རིགས་ཡིན་འདུག
2025-01-01
ཝང་ཅུན་ཀྲེང་གིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཞེས་ལྷ་ལྡན་གཙུག་ལག་ཁང་དུ་བཤད་པ་ནི།བོད་ཀྱི་ལོ་རྒྱུས་རྫུན་བཟོ་དང་འཁྱོག་བཤད་ཡིན་པ།འབུམ་རམས་པ་རྒྱལ་ལོ་ལགས་ནས་གསུངས་ཀྱི་འདུག
2024-12-31
ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་གཞུང་གིས་བོད་ནང་དྲག་ཤུགས་དང་བཙན་ཐབས་ཁོ་ནས་དམ་དྲག་བྱས་ཡོད་པ་བཞིན་མ་འོངས་པར་མུ་མཐུད་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་རྒྱུ་ཡིན་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
2024-12-31
ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༣༡ ཉིན་ནི་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་ཐོག་མར་ཏོག་དབྱིབས་ནད་ཡམས་ཀྱི་ནད་འབུ་བྱུང་རྗེས་འཛམ་གླིང་གང་སར་ཁྱབ་གདལ་ཕྱིན་ནས་ལོ་ ༥ འཁོར་བའི་དུས་ཚིགས་འཁེལ་བར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་གིས་རྒྱ་ནག་གཞུང་ལ་ཏོག་དབྱིབས་ནད་ཡམས་ཀྱི་བྱུང་ཁུངས་སྐོར་ཕྱི་གསལ་ནང་གསལ་བཟོ་དགོས་པ་དང་དེའི་སྐོར་གནས་བསྡུས་རེའུ་མིག་མཁོ་སྤྲོད་བྱ་དགོས་པའི་འབོད་སྐུལ་སྐྱར་ནན་གནང་འདུག
2024-12-31
ཕྱི་ལོ་གསར་པ་འགོ་ཚུགས་ལ་ཉེ་བ་དང་བསྟུན། བཞུགས་སྒར་དུ་གནས་སྡོད་བོད་མི་ཁག་གཅིག་ལ་ཕྱི་ལོ་ ༢༠༢༤ ལོ་ཕྱིར་དྲན་དང་། ཡོང་རྒྱུའི་ལོ་གསར་པའི་འཆར་གཞི་སོགས་ཀྱི་སྐོར་བཅར་འདྲི་ཞུས་པ།
2024-12-31
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་བ་རྣམས་སྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་སུ་འབྱོར་བ།
2024-12-31
རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་གི་གུང་གསེང་སྐབས་ཕྲུ་གུར་ཆོས་ལུགས་ཀྱི་མཚོན་རྟགས་ཡོད་པའི་གྱོན་ཆོས་ཀྱང་གྱོན་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག
2024-12-30
བོད་མཐོ་སྒང་དུ་ཚ་ཆུ་རྒྱས་བཞིན་པ་སོགས་ཀྱི་གནས་སྟངས་འོག་མཚོ་དང་མཚེའུ་ནང་གི་སྲོག་ཆགས་དང་སྐྱེ་ལྡན་ཕྲ་རབ་དག་འཚོ་གནས་མི་ཐུབ་པའི་དཀའ་ངལ་བྱུང་གི་ཡོད་པའི་སྐོར་རྒྱ་ནག་གི་ཁོར་ཡུག་ཉམས་ཞིབ་པ་མང་པོས་མཉམ་འདུས་ཀྱིས་ཞིབ་འཇུག་བྱས་པའི་གྲུབ་དོན་ནང་གསལ་སྟོན་བྱས་འདུག
2024-12-30
རྒྱ་ནག་གཞུང་གིས་བོད་ནང་ཤིང་སྡོང་མང་པོ་བཙུགས་པ་བསྒྲགས་ཡོད་ཀྱང་དོན་དངོས་ལས་གཞི་འདྲ་མིན་སྤེལ་བའི་འོག་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་བཞིན་པའི་གནས་ཚུལ་ཡང་ཡང་བྱུང་བཞིན་ཡོད་པ་རེད།
2024-12-30
རྒྱ་ནག་གི་གཞོན་སྐྱེས་རྣམས་ཀྱིས་གཞུང་ཞབས་པའི་ལས་གནས་སུ་འཚང་ཁ་རྒྱག་བཞིན་ཡོད་ཅིང་། རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དལ་བའི་རྐྱེན་པས་གཞོན་སྐྱེས་མང་པོར་མུ་མཐུད་དུ་ལས་མེད་ཀྱི་གནས་སུ་ལྷུང་བཞིན་ཡོད་པ་རེད།
2024-12-30
ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཇི་མི་ཁཱ་ཊར་མཆོག་དགུང་ལོ་བརྒྱ་ཐམ་པའི་སྟེང་དགོངས་པ་རྫོགས་པར་༸གོང་ས་མཆོག་གིས་ཁོང་གི་ནང་མིར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
2024-12-30
གཡུང་དྲུང་བོན་གྱི་བསྟན་པའི་མཛེས་རྒྱན་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་དགུང་ལོ་༡༠༠ཕེབས་པ་དང་བསྟུན་ཁོང་གི་སྐུ་ཚབ་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ།