རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དལ་བའི་རྐྱེན་པས་གཞོན་སྐྱེས་མང་པོར་མུ་མཐུད་དུ་ལས་མེད་ཀྱི་དཀའ་ངལ་འཕྲད་བཞིན་འདུག

2024.12.30
རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དལ་བའི་རྐྱེན་པས་གཞོན་སྐྱེས་མང་པོར་མུ་མཐུད་དུ་ལས་མེད་ཀྱི་དཀའ་ངལ་འཕྲད་བཞིན་འདུག རྒྱ་ནག་གི་ཨན་ཧེ་ཞིང་ཆེན་(Hefei)གྲོང་ཁྱེར་ནང་གཞོན་སྐྱེས་ཚོས་ལས་ཀ་འཚོལ་བཞིན་པ། ༠༢།༢༠༡༤
REUTERS

འདི་ལོར་རྒྱ་ནག་གི་གཞོན་སྐྱེས་ས་ཡ་ ༣ དང་འབུམ་བཞི་ཙམ་ཞིག་གིས་གཞུང་གི་ལས་རིགས་ཀྱི་ཡིག་རྒྱུགས་ནང་མཉམ་ཞུགས་ཀྱིས་ལས་ཀ་འཚོལ་ཐབས་བྱས་ཡོད་ཀྱང་། གཞོན་སྐྱེས་ཚོར་ལས་ཀའི་བདེ་འཇགས་དང་རོགས་སྐྱོར། ཁང་པ་སོགས་ཁེ་ཕན་གྱི་མདུན་ལམ་སྐྲུན་རྒྱུ་ཡིན་པའི་བསླུ་བྲིད་ཐེབས་པ་དང་། གཞན་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཉམས་རྒུད་ཁྲོད་འཕེལ་ཚད་དལ་བའི་རྐྱེན་པས་སྒེར་གྱི་ལས་རིགས་གཉེར་མཁན་དང་དེ་བཞིན་གཞོན་སྐྱེས་མང་དག་ཅིག་ལས་མེད་ཀྱི་གནས་སུ་ལྷུང་ཡོད་པ་སོགས་རོའི་ཊརསི་གསར་སྤེལ་ཁང་གིས་གནས་ཚུལ་ནང་བཀོད་འདུག
རྒྱ་ནག་གི་གཞུང་ཞབས་ཡིག་རྒྱུགས་དེ་འདི་ལོའི་ཕྱི་ཟླ་ ༡༢ ནང་བཏང་ཡོད་པ་དང་། སྔ་ལོ་དང་བསྡུར་ན་གཞོན་སྐྱེས་སྙན་ཞུ་འབུལ་མཁན་གྱི་གྲངས་འབོར་ཁྲི་ ༤ ཙམ་འཕར་ཡོད་པས། ལོ་སྔོན་མ་དག་དང་བསྡུར་ན་ལྡབ་གསུམ་གྱིས་འཕར་ཡོད་པ་དང་། ད་ལྟའི་ཆར་ས་གནས་སྲིད་གཞུང་གིས་མ་དངུལ་མེད་པའི་དཀའ་ངལ་གྱི་རྐྱེན་པས་གླ་ཆ་སྤྲོད་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་བརྟན་བརླིང་གི་དགོས་མཁོའི་ཆེད་དུ། ཨུ་ཚུགས་མཐར་སྐྱེལ་བྱེད་བཞིན་པའི་གནས་སྟངས་འོག་སྒེར་གཉེར་ཁེ་ལས་གཉེར་མཁན་ཚོར་མདུན་ལམ་མེད་པའི་གནས་སུ་ལྷུང་ཡོད་པ་རེད།
རྒྱ་ནག་གཞུང་གི་གཞུང་ཞབས་ཡིག་རྒྱུགས་དེའི་ཁྲོད། གཞོན་སྐྱེས་མང་དག་ཅིག་གིས་གྲ་སྒྲིག་དང་འགྲན་རྩོད་ཆེན་པོས་ཞུགས་ཡོད་ན་ཡང་། ཡིག་རྒྱུགས་རྗེས་སུ་ལས་ཞུགས་ཀྱི་གོ་སྐབས་ཉུང་བ་དང་། ལྷག་པར་ལས་ཀ་མང་དག་ཅིག་བརྟན་པོ་མེད་པ་སོགས་ཀྱི་དཀའ་ངལ་བྱུང་གི་ཡོད་པ་དང་། རྒྱ་ནག་པེ་ཅིང་གྲོང་ཁྱེར་ནང་ཡོད་པའི་སློབ་མ་ (Klaire) ལགས་ཀྱིས། ཕྱི་ཟླ་ ༡༢ པའི་ཟླ་འགོ་ནས་བཟུང་། རྒྱ་ནག་གི་གཞུང་ཞབས་ཡིག་རྒྱུགས་ཆེན་མོ་དེའི་ཁྲོད་དུ། ཉིན་རེར་ཆུ་ཚོད་ ༩ རིང་དྲྭ་ཐོག་ནས་སློབ་ཁྲིད་བྱེད་པར་རྒྱ་སྒོར་༩༨༠ (ཨ་སྒོར་ ༡༣༤) བཏང་སྟེ་ཡིག་རྒྱུགས་ཁྲོད་ཞུགས་དགོས་བྱུང་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག


གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎