གསར་འགྱུར་ཡིག་ཚགས།
2023-05-24
་རེས་བརྟན་བཞུགས་སྐབས། བལ་ཡུལ་ཀོ་པན་དགོན་པ་ནས་དགེ་འདུན་པ་ ༡༠༠ ལྷག་ཚུད་པའི་ཆོས་ཚོགས་དེ་ཉིད་ཀྱི་ཡན་ལག་ ༡༣༠ ཙམ་ནས་ཕྱི་རྒྱལ་གྱ་ིསློབ་མ་དང་རྗེས་འབྲང་པ་སོགས་མཉམ་བཞུགས་གནང་འདུག
2023-05-23
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནས་ཏེཛ་པུར་བར་གྱི་བོད་དོན་ཛ་དྲག་གླེང་སློང་གི་གོམ་བགྲོད་ལས་འགུལ་མཇུག་སྒྲིལ་གནང་འདུག
2023-05-23
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་གསར་པར་འཚམས་འདྲི་གནང་ནས་མཛའ་འབྲེལ་སྲ་བརྟན་གཏོང་འདུན་ཡོད་པ་གསུངས་འདུག
2023-05-23
འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་བསྒྲགས་གཏམ་སྤེལ་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུའི་གསུང་འཕྲིན་བསྩལ་འདུག
2023-05-23
༸གོང་ས་མཆོག་དབུས་པའི་བོད་མི་ཚོར་མཐུན་འགྱུར་རོགས་རམ་ག་རེ་དགོས་ན་མགོན་པོ་གང་ཉིད་ཀྱི་ཐུགས་རེ་ལྟར་བྱ་འདུན་ཡོད་པ་ཅེས་འགྲེལ་བརྗོད་གནང་སོང་།
2023-05-22
འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོའི་བསྒྲགས་གཏམ་ནང་བོད་ནང་གི་གནས་སྟངས་ཐད་བློ་འཚབ་ཡོད་པ་བསྟན་འདུག་ལ་རྒྱ་ནག་གི་དཔལ་འབྱོར་སྡིག་སྐུལ་གྱི་བྱ་སྤྱོད་ཐད་ཐུན་མོང་གི་ལངས་ཕྱོགས་འཛིན་རྒྱུ་ཡིན་པ་བརྗོད་འདུག
2023-05-22
རྒྱ་ནག་གི་ཧུའུ་ནན་ཞིང་ཆེན་ནང་ཁང་པ་རྡིབ་སྐྱོན་བྱུང་བའི་དོན་རྐྱེན་ཞིག་དང་འབྲེལ་ནས་རྒྱ་ནག་གཞུང་གིས་འབྲེལ་ཡོད་ལས་བྱེད་མི་སྣ་༦༢ཉེས་ཁྲིམས་ལ་སྦྱོར་རྒྱུ་ཡིན་པ་བསྒྲགས་འདུག
2023-05-22
ང་ཚོའི་མ་འོངས་པའི་ཁ་ཕྱོགས་གང་འདྲ་ཞིག་ལ་སླེབས་མིན་དེ་ད་ལྟ་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་དགོངས་པ་གང་ཡོད་པ་དེ་ང་ཚོས་ཉམས་སུ་ལེན་མིན་ལ་ཐུག་ཡོད་པ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་༧རྒྱལ་བའི་ཡོན་ཏན་བརྗོད་པའི་དཔེ་དེབ་གཉིས་དབུ་འབྱེད་སྐབས་གསུངས་སོང་།
2023-05-22
ལྕམ་Basundhara Lama ལགས་ཀྱི་ཁྱིམ་རྒྱུད་ནི་ཧིན་དྷུའི་ཆོས་ལུགས་ཀྱི་རྗེས་འབྲང་པ་ཡིན་ནའང་ཁོང་མོར་ལྷ་སར་བཞུགས་པའི་རིང་དེར་བོད་ཀྱི་ཆོས་དང་རིག་གཞུང་། གོམ་གཤིས་སོགས་ཀྱི་བག་ཆགས་ཟབ་མོ་བཞག་ཡོད་འདུག
2023-05-21
དམ་པ་ཁོང་གིས་ད་བར་བྱམས་བརྩེའི་ལམ་ནས་གཞན་ལ་ཕན་ཐོགས་བསྒྲུབས་ཡོད་པ་དེ་ང་ཚོས་མུ་མཐུད་རྒྱུན་སྐྱོང་བྱེད་རྒྱུ་ནི་ཁོང་ལ་དོན་དམ་གྱི་གུས་འདུད་དང་མྱ་ངན་རྗེས་དྲན་ཞུས་པ་ཡིན་ཞེས་ཐུགས་སྨོན་དང་བཅས་གསུང་འཕྲིན་སྩལ་བ།
2023-05-20
ཨ་རིའི་མེསི་ཆུ་སིཊསི་ (Massachusetts) མངའ་སྡེས་ ཞི་བདེ་རྒྱ་མཚོའི་གླིང་ཕྲན་མི་མང་གི་ཤུལ་བཞག་ཟླ་བ་ཞེས་པ་སྲུང་བརྩིའི་གཞུང་འབྲེལ་མཛད་སྒོ་ཐོག་ཏུ་ས་གནས་བོད་མིའི་སྐུ་ཚབ་མགྲོན་འབོད་གནང་འདུག
2023-05-20
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སི་དྷ་ར་མ་ཡ་མཆོག་ལ་ཁོང་བསྐྱར་དུ་རྒྱ་གར་མངའ་སྡེ་སྤྱི་ཁྱབ་བློན་ཆེན་དུ་འདེམས་ཐོན་བྱུང་པར་འཚམས་འདྲི་དང་འབྲེལ་ཁོང་ལ་མི་མང་གིས་རེ་ལྟོས་ཞུ་བཞིན་པ་ལྟར་ལས་དོན་མཐའ་དག་ལམ་ལྷོང་ལྡན་པ་ཡོང་བའི་ཐུགས་སྨོན་ཡོད་ཅེས་གསུང་འཕྲིན་བསྩལ་གནང་མཛད་འདུག
2023-05-20
མ་ཎི་རིལ་བུ་དག་ལ་ཕྱག་བྱིན་དང་བསྔོ་སྨོན་མཛད་རྗེས། བཀའ་སློབ་ཕེབས་གསལ། རིང་མིན་མགོན་པོ་གང་ཉིད་མཆོག་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལར་ཞབས་སོར་འཁོད་ཐུབ་པའི་ཐུགས་རེ་ཡོད་པའི་སྐོར་བཀའ་གནང་སོང་།
2023-05-19
ཧོང་ཀོང་གི་ཁྲིམས་ཁང་ནས་མང་གཙོ་དོན་གཉེར་བ་ཚོང་པ་Jimmy Lai ཡིས་དབྱིན་ཇིའི་ཁྲིམས་རྩོད་པ་གླ་རྒྱུའི་རེ་ཞུར་ངོས་ལེན་བྱས་མི་འདུག
2023-05-19
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་བོད་དོན་སྐོར་བཀའ་མོལ་གནང་ཆེད་ཕྱོགས་བསྐྱོད་གནང་བ།