ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནས་རྒྱ་གར་ལྷོ་ཕྱོགས་སུ་སྐོར་བསྐྱོད་ཐོག་མ་དེ་གནང་བ།

2023.05.19
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནས་རྒྱ་གར་ལྷོ་ཕྱོགས་སུ་སྐོར་བསྐྱོད་ཐོག་མ་དེ་གནང་བ།
དབུས་བོད་མིའི་སྒྲིག་འཛུགས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ལ་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པ་ཁག་དང་དེ་བཞིན་ལྷོ་ཕྱོགས་ཁུལ་གྱི་མཐོ་སློབ་ཁག་ནས་མགྲོན་འབོད་གོ་སྒྲིག་ཞུས་པ་ལྟར་ཕྱི་དྲིལ་བཀའ་བློན་མཆོག་ཟླ་བ་འདིི་ཕྱི་ཚེས་༡༧ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་རུ་ཕེབས་འབྱོར་བྱུང་ནས། འདི་ཚེས་༡༨ཉིན་སྦེང་ལོར་རུ་རྟེན་གཞི་བྱས་པའི་ཨར་ཝི་ཁྲིམས་ཀྱི་ཤེས་ཡོན་བསྟི་གནས་ཁང་དུ་འགྲོ་བ་མིའི་ཐོབ་ཐང་དང་། རྒྱལ་སྤྱིའི་འབྲེལ་ལམ་ཞེས་པའི་ཚོགས་འདུའི་ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་གིས་བརྗོད་གཞི་དང་འབྲེལ་བའི་གསུང་བཤད་དང་། དེ་བཞིན་འདི་ཚེས་༡༩ཉིན་སྦེང་ལོར་ཝིཤ་ཝ་ར་པུ་ར་ཁྲིམས་ཀྱི་མཐོ་སློབ་ཁང་དུ་འགྲོ་བ་མིའི་ཐོབ་ཐང་དང་། འགྲོ་བ་མིའི་ཐོབ་ཐང་དེ་ཁྲིམས་ཀྱི་ཐོག་སློབ་སྦྱོང་བྱ་རྒྱུ་གནད་འགག་ཇི་ཙམ་ཆགས་མིན་སོགས་ཀྱི་ཐད་གསུང་བཤད་གནང་ཡོད་པ་རེད་འདུག དེའི་སྐོར་ཕྱི་དྲིལ་བཀའ་བློན་དང་ལྷན་བཅར་ཞུས་པ་སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་སྐབས། ད་ལན་ཕྱི་དྲིལ་བཀའ་བློན་མཆོག་ཚོགས་འདུའི་ཐོག་བོད་གཞིས་བྱེས་གཉིས་ཀྱི་གནས་སྟངས་དང་༧གོང་ས་མཆོག་གི་དགོངས་གཞི་དང་བོད་མི་མང་གི་མངོན་འདོད་སོགས་ཀྱི་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་ཡོད་པའི་སྐོར་གསུངས་སོང་།

347560941_1240452270177469_4782273597525028533_n-e1684471368781.jpeg

གཞན་ཡང་བཀའ་བློན་མཆོག་གིས་དེ་སྔ་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Nijalingappa དམ་པ་ཁོང་གི་ཚ་བོ་སྐུ་ཞབས་ S.G. Manjunathལགས་ཀྱང་མཇལ་འཕྲད་གནང་འདུག་ཅིང་། སྐུ་ཞབས་Nijalingappaལགས་ནི་༸གོང་ས་མཆོག་དང་ཐུགས་འདྲིས་ཆེ་ཞིང་ཁོང་ནི་ཀར་ན་ཊ་ཀའི་མངའ་སྡེའི་ནང་བོད་མིའི་གཞིས་ཆགས་འཛུགས་རྒྱུའི་ཆེད་ས་ཆ་མཁོ་སྤྲོད་གནང་རྒྱུ་ལ་སོགས་པ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་དང་ཐུགས་འཁུར་ཧ་ཅང་ཆེན་པོ་བཞེས་མཁན་ཞིག་ཡིན་པ་རེད། དེ་དང་ཆབས་ཅིག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ནས་སྦེང་ལོར་དུ་ཡོད་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱ་གར་གཞུང་གི་གཞུང་ཞབས་ཟུར་པ་ཁག་ཅིག་དང་མཇལ་ཕྲད་གནང་ཡོད་ཅིང་། ད་ལན་ཕྱི་དྲིལ་བཀའ་བློན་མཆོག་གིས་ལྷོ་ཕྱོགས་ཁུལ་དུ་ཕེབས་དོན་དེ་ནི་བོད་དོན་ཐོག་ཁྲིམས་ཐོག་ནས་རྒྱབ་སྐྱོར་ཞུ་ཕྱོགས་སོགས་ཀྱི་གོ་རྟོགས་སྤེལ་ཆེད་ཕྱོགས་བསྐྱོད་གནང་བ་ཞིག་ཡིན་པ་རེད་འདུག སྦེང་ལོར་ཁུལ་གྱི་ཉིན་གཉིས་རིང་གི་ལས་རིམ་ཁག་གྲུབ་སྟེ་འདི་ཚེས་༡༩ཉིན་ཕྱི་དྲིལ་བཀའ་བློན་མཆོག་རྒྱ་གར་ལྷོ་ཕྱོགས་མེའི་སོར་དུ་ཕེབས་ཐོན་གྱི་འདི་ཚེས་༢༠ཉིན་མེའི་སོར་མ་ཧ་ཇ་ནས་ཁྲིམས་ཀྱི་མཐོ་སློབ་ཁང་དང་།  ཝི་དྷྱི་ཡ་ཝར་ཏི་ཀ་འཕྲུལ་རིག་ཤེས་ཡོན་བསྟི་གནས་ཁང་བཅས་ཀྱི་ནང་དེ་མཚུངས་ཀྱི་གཏམ་བཤད་གནང་རྒྱུ་མ་ཟད། ཁུལ་དེར་ཡོད་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་མཇལ་ཕྲད་གནང་རྒྱུ་སོགས་མེའི་སོར་ཁུལ་དུ་ཉིན་གཅིག་རིང་གི་ལས་རིམ་གྲུབ་མཚམས་སུ་འདི་ཚེས་༢༡ཉིན་མེའི་སོར་ནས་རྒྱ་གར་གྱི་གྲོང་ཁྱེར་ཅི་ན་ཡི་བརྒྱུད་རྒྱལ་ས་ལྡི་ལི་དང་དེ་ནས་རིམ་པའི་བཞུགས་སྒར་དུ་ཕྱིར་ཕེབས་གནང་གི་ཡོད་པ་རེད་འདུག ད་ལན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཕྱི་དྲིལ་བཀའ་བློན་འགན་འཁུར་བཞེས་པའི་རྗེས་ལྷོ་ཕྱོགས་ཁུལ་ཕྱོགས་བསྐྱོད་གནང་བ་ཐོག་མ་ཡིན་ཞིང་། ཁོང་དང་ལྷན་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་བཀྲིས་བདེ་སྐྱིད་ལགས་ལྷན་བཅར་ཞུས་ཡོད་པ་རེད་འདུག།

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎