གསར་འགྱུར་ཡིག་ཚགས།
2022-05-26
ཝང་དབྱང་ལྟ་སྐོར་སྐབས་ས་གནས་ཡུལ་མི་ཚོའི་འགྲོ་འདུག་ལ་དམ་དྲག་དང་བོད་མི་ཚོའི་ཁ་པར་དང་སྐད་འཕྲིན་ཚོགས་པ་ཁག་ནང་ས་གནས་འབྲེལ་ཡོད་མགོ་ཁྲིད་ཚོས་ཞིབ་བཤེར་རིགས་བྱས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་ལ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས་རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ལ་ངོས་ལེན་བྱས་ཏེ། བོད་རྒྱུའི་གནད་དོན་སེལ་རྒྱུལ་དུས་ལ་བབ་ཡོད་པ་གསུངས་སོང་།
2022-05-25
ཇར་མན་གཞུང་གིས་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་བྱེད་ཕྱོགས་ཐད་འགྱུར་བ་བཏང་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོ་བོར་འཛིན་རྒྱུ་ཡིན་པ་བརྗོད་པར་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག
2022-05-25
རྒྱ་ནག་ནང་གཟིགས་སྐོར་གནང་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས་བརྙན་ལམ་ནས་མཇལ་མོལ་གནང་འདུག
2022-05-25
༧གོང་ས་མཆོག་དགུང་ལོ་མཐོན་པོར་ཕེབས་མིན་ལ་མ་བལྟོས་པར་རྒྱ་གར་གཙོས་རྒྱལ་ཁབ་འདྲ་མིན་གྱི་མི་རིགས་ཚོར་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་འདུག
2022-05-25
༸གོང་ས་༸སྐྱབས་མཆོན་ཆེན་པོ་མཆོག་གིས། ད་ལྟའི་བོད་ཀྱི་གནས་སྟངས་ལ་བལྟས་ནས་ངོས་རང་ཚེ་རིང་པོ་ཞིག་སྡོད་མ་ཐུབ་པ་ཡིན་ན། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་བོད་རྒྱ་ཆེའི་མི་མང་གི་རེ་འདོད་དེ་བསྐོང་ཐུབ་ཀྱི་མ་རེད་བསམ་སྟེ། ངོས་རང་སེམས་ཤུགས་བསྐྱེད་ནས་སྡོད་ཡོད་ཅེས་བཀའ་གནང་སོང་།
2022-05-24
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་ལ་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་པ།
2022-05-24
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནང་དང་བཙན་བྱོལ་ནང་ཡོད་པའི་གནས་ཚུལ་འབྱུང་ཁུངས་ཁག་ཅིག་གིས་བརྗོད་པར་ལྟར་ན། དགེ་འདུན་ལྷུན་གྲུབ་ལགས་ཟི་ལིང་གི་བཀག་སྐྱིལ་ཁང་ཞིག་ཏུ་ཡོད་པ་ཤེས་རྟོགས་ཐུབ་ཡོད་པ་ཙམ་ལས། ཁོང་གི་ནང་མི་དང་འབྲེལ་ཡོད་ཚོར་ཐུག་འཕྲད་བྱེད་འཇུག་གི་མེད་པར་མ་ཟད། འབྲེལ་ཡོད་རྒྱ་མིའི་དབང་འཛིན་པ་ཚོས་དགེ་འདུན་ལྷུན་གྲུབ་ལགས་ཀྱི་སྐོར་ཁོང་གི་ནང་མི་ཚོར་གསལ་བཤད་གང་ཡང་བྱེད་ཀྱི་མེད་པ་རེད་འདུག
2022-05-24
ཟླ་བ་འདིའི་ཕྱི་ཚེས་ ༢༤ ཉིན་གྱི་ཞོགས་པ་ཆུ་ཚོད་ ༦ ཙམ་ལ་ར་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་བཞུགས་སྒར་རྡ་རམ་ས་ལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཉེ་འགྲམ། རྒྱ་གར་མགྲོན་ཁང་ཞིག་ཏུ་སྙུང་གཞི་གང་ཡང་མེད་པར་སྐུ་ལྷོད་བཞུགས་ངང་དགོངས་པ་རྫོགས་ཡོད་པ་དང་། དེའི་སྐོར་ར་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་ཐུབ་བསྟན་ལྷུན་འགྲུབ་ཀྱིས་ས་གནས་ནས་འདི་གར་ཞལ་པར་ཐོག་གནས་ཚུལ་ངོ་སྤྲོད་གནང་བྱུང་ལ།
2022-05-23
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་པ་་ལྕམ་ Michelle Bachelet ནས་བོད་དོན་གླེང་སློང་གནང་དགོས་པའི་དགོས་འདུན་བཏོན་ཏེ་་བོད་མི་ཚོས་ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་་སྐད་འབོད་གནང་འདུག
2022-05-23
ཨཛ་ར་ཛི་ཡ་མཆོག་བལ་ཡུལ་དུ་ཕེབས་པ་དང་བསྟུན། བོད་མིའི་གནས་སྟངས་ཁག་རྒྱུས་ལོན་ཐུབ་པའི་རེ་བ་ཡོད་ལ། ལྷག་པར་དུ་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ད་ལྟའི་ཆར་བལ་ཡུལ་ནང་བོད་མི་༥༠༠༠ལྷག་ལ་ཁུལ་དེར་གནས་སྡོད་ཆོག་པའི་ལག་ཁྱེར་མེད་པའི་དཀའ་ངལ་འཕྲད་བཞིན་པས། དེ་སེལ་དགོས་པ་ནི་བལ་ཡུལ་ལ་ཡང་གལ་འགངས་ཆེན་པོ་ཆགས་ཡོད། ཁོང་མོས་ད་རེས་གནད་དོན་དེ་བལ་ཡུལ་སྲིད་བློན་དང་ལྷན་གླེང་སློང་གིས་གྲུབ་འབྲས་བཟང་པོ་ཞིག་ཡོང་བའི་རེ་བ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
2022-05-22
ང་ཚོ་བོད་མི་ཚོས་ནང་པའི་རིག་གཞུང་གཅེས་འཛིན་གྱི་འབད་བརྩོན་ཐད་ཨོསི་ཊྲེ་རི་ལི་ཡའི་མི་དམངས་དང་དབུ་ཁྲིད་ཁག་གིས་རྒྱབ་སྐྱོར་གནང་བ་ནི་ཧ་ཅང་གི་སྐལ་བ་བཟང་པོ་ཡིན་ལ་ནང་པའི་རིག་གཞུང་གི་འཚེ་མེད་ཞི་བའི་ལྟ་གྲུབ། དེ་བཞིན་བྱམས་སྙིང་རྗེ་ལྟ་བུས་མི་སྒེར་དང་འཛམ་གླིང་སྤྱི་ལ་ཞི་བདེ་ཡོང་ཆེད་ལེགས་སྐྱེས་ཕུལ་ཐུབ་པའི་ནུས་པ་ཡོད།
2022-05-21
རྒྱ་གར་དབུས་གཞུང་ཨ་ཡུཤ་ལྷན་ཁང་གིས་བོད་ཀྱི་གསོ་བ་རིག་པའི་ཐོག་གོ་རྟོགས་ཁྱབ་སྤེལ་དང་གསོ་རིག་སྡེ་ཚན་གྱི་སློབ་མ་རྣམས་ཀྱི་ཤེས་ཡོན་གོང་སྤེལ་ཆེད་དུ་ཟབ་སྦྱོང་གནང་བ།
2022-05-21
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གྱིས་རྒྱ་ནག་ཏུ་མ་ཕེབས་གོང་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་ཐད་སྐྱོན་བརྗོད་གནང་མེད་པར་བརྟེན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྐྱོན་བརྗོད་གནང་ཡོད་པ།
2022-05-21
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་མང་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་དྲུང་ཆེ་གཞོན་པ་དང་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གཅིག་ལྕོགས་ལྕམ་ཨཛ་ར་ཛི་ཡ་(Uzra Zeya) མཆོག་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་བོད་མིའི་སྒྲིག་འཛུགས་དང་བོད་མིའི་གནས་སྟངས་རྣམས་རྒྱུས་ལོན་གནང་བའི་རྗེས། སྤྱི་ཟླ་༥ ཚེས་༢༠ ཉིན་བལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཏེ་དེའི་ཁུལ་དུ་བོད་མིའི་གནས་སྟངས་དང་དཀའ་ངལ་ཁག་བལ་ཡུལ་གྱི་སྲིད་བློན་ལྷན་དུ་གོ་བསྡུར་གནང་རྒྱུ་ཡིན་འདུག་ཅིང་།
2022-05-20
ཨ་མི་རི་ཀའི་རྒྱལ་སྲུང་སློབ་སྟོན་པས་ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་བར་འབྱུང་འགྱུར་གྱི་བདུན་ཕྲག་ཁ་ཤས་ནང་ཚུད་ཡང་བསྐྱར་བཀའ་མོལ་གནང་སྲིད་པ་གསུངས་འདུག