གསར་འགྱུར་ཡིག་ཚགས།
2022-04-14
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཆེད་མཁས་པས་འཛམ་གླིང་འདིར་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ད་དུང་ཛ་དྲག་ཡིན་པས་ནད་ཡམས་སྔོན་འགོག་གི་བྱ་ཐབས་ལག་ལེན་བྱ་དགོས་པའི་འབོད་སྐུལ་གནང་འདུག
2022-04-14
བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ནང་བོད་སྐད་ཡིག་གི་གནས་སྟངས་རྟོག་ཞིབ་ཆེད་འགྲུལ་སྐྱོད་སྐབས་རྒྱ་ནག་གི་ཉེན་རྟོག་པས་རྗེས་འདེད་དང་བསུན་གཙེར་བྱས་རྗེས་ད་ལྟའི་གནས་སྟངས་ཁ་གསལ་མི་འདུག
2022-04-13
བོད་མི་མང་པོ་འདུས་སྡོད་བྱ་ཡུལ་ཟི་ལིང་གྲོང་ཁྱེར་དུ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཡོད་པའི་ནད་པའི་གྲངས་ཀ་འཕར་བར་བརྟེན་ལས་ཁུངས་དང་སློབ་གྲྭ་ཁག་གནས་སྐབས་སྒོ་རྒྱབ་འདུག
2022-04-13
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་བཏོན་པ་དེའི་ནང་དོན་གྱིས་བོད་ནང་གི་ཛ་དྲག་གནས་སྟངས་བདེན་པ་ར་སྤྲོད་བྱུང་ཡོད་ཅེས་བོད་མིའི་སྒྲིག་འཛུགས་ཀྱིས་གསལ་སྟོན་གནང་གི་འདུག
2022-04-13
ངོས་རང་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུ་ཞིག་ཡིན་པ་དང་ངོས་དང་འབྲེལ་བ་ཡོད་པ་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱིས་ཚེ་རབས་ནས་ཚེ་རབས་བར་རྗེས་སུ་འཛིན་ངེས་ཡིན་པ་༧གོང་ས་མཆོག་གིས་བཀའ་བསྩལ་འདུག
2022-04-12
རྒྱ་ནག་གཞུང་གིས་བོད་ནང་འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་དྲག་གནོན་བྱེད་བཞིན་ཡོད་པ་ཨ་རིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་བཏོན་པ་མཉམ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་རྒྱ་ནག་ལ་སྐྱོན་བརྗོད་གནང་འདུག
2022-04-12
ཧོང་ཀོང་གི་ས་གནས་ཉེན་རྟོག་པས་གྱེན་ལོག་བྱ་རྒྱུར་སྐུལ་སློང་བྱས་ལུགས་ཀྱི་ཉེས་འཛུགས་འོག་ཧོང་ཀོང་གི་གསར་འགོད་པ་ཞིག་འཛིན་བཟུང་བྱས་འདུག
2022-04-12
སྤྱི་ཟླ་དྲུག་པ་བར་རྒྱ་གར་ནང་གི་བོད་མི་གནས་སྡོད་ས་གནས་ཁག་ཚང་མར་བཅར་ཐབས་བྱས་ནས་འབྱུང་འགྱུར་ལོ་གསུམ་གྱི་འཆར་གཞི་ཞིག་ཕྱོགས་བསྡོམས་བྱེད་འཆར་ཡིན་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
2022-04-12
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལས་འཆར་ཆེ་ཁག་ཆེད་ཨ་སྒོར་ཐེར་འབུམ་༢༢གཏོང་འཆར་ཡོད་པ་དེ་རྒྱ་ནག་རང་གི་ཆབ་སྲིད་ཀྱི་ཁེ་ཕན་སྒྲུབ་བྱེད་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུང་བྱུང་།
2022-04-12
ཉེ་སྔོན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཝང་ཅན་ཀྲུང་ཟེར་བ་ལྷ་སའི་འབྲས་སྤུངས་དགོན་པར་ལྟ་སྐོར་བྱེད་སྐབས། དགོན་པ་ཁག་གིས་བོད་ཀྱི་ལོ་རྒྱུས་དང་རིག་དངོས་དེ་དག་རྒྱ་ནག་ཁྱད་ཆོས་ལྡན་པའི་ངོས་ནས་དྲིལ་བསྒྲགས་དང་འབད་བརྩོན་དགོས་པ་སོགས་བཤད་ཡོད་པ་རེད་།
2022-04-11
སྐབས་བཅོ་ལྔ་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་འདུའི་ཐོག་བོད་ཀྱི་སྐད་ཡིག་གི་ནང་སྐད་ཡིག་གཞན་གྱི་སླད་ཞུགས་པ་འགོག་ཐབས་ཀྱི་མཚོན་བརྗོད་གཞི་འདྲ་མིན་བཅོ་ལྔ་ཙམ་གྱི་ཐོག་བགྲོ་གླེང་གི་བསྡུར་གནང་རྒྱུ་རེད་འདུག
2022-04-11
རྒྱ་ནག་གཞུང་གིས་(5G)་འམ་ཐོན་གསར་འཕྲུལ་རབས་ལྔ་བའི་དྲ་རྒྱ་སྤྱད་ནས་བོད་ཁུལ་དུ་རྒྱ་ནག་ཅན་གྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བཞིན་པ་རེད་འདུག
2022-04-11
ཧྥ་རན་སིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་རྩུབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
2022-04-11
ཛ་དྲག་ཆེ་བའི་གནས་སྟངས་དེ་ལྟ་བུའི་འོག་ང་ཚོས་ཕན་ཚུན་ནང་ཁུལ་འཁྲུག་རྩོད་བྱས་ནས་བསྡད་ན་སྙིང་པོ་གང་ཡང་མེད་པས། ཕན་ཚུན་གཅིག་ཕན་གཅིག་གྲོགས་དང་། གཅིག་གྱུར་གྱི་བསམ་བློའི་འདུ་ཤེས་གོང་མཐོར་གཏོང་དགོས་སྐོར་བཀའ་སྩལ་སོང་།
2022-04-09
སྲིད་སྐྱོང་མཆོག་གིས་རྒྱ་གར་དབུས་ཁུལ་ཨོ་ཌི་ཤ་ཕུན་ཚོགས་གླིང་དང་། མན་སྤར་ཕན་བདེ་གླིང་དང་། བྷན་རྡ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་བཅས་པར་གཞུང་འབྲེལ་འཚམས་གཟིགས་གནང་བར་ཕེབས་ཡོད་པ་རེད།