རྒྱ་ནག་གི་མི་རིགས་སྲིད་ཇུས་ཐོག་ནས་བོད་དོན་གླེང་བ།
2019.10.22
༄༅།།དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་ཐེ་ཝན་གྱི་རྒྱལ་ས་ཐད་པད་ལ་རྒྱ་ནག་གི་མི་རིགས་གནད་དོན་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྒྲོམ་གཞི་ཞེས་པའི་བརྗོད་གཞིའི་ཐོག་སྤྱི་ལོ་༢༠༡༩ལོའི་ཐུན་མོང་གི་གཞི་རྟེན་འཚོལ་བའི་རྒྱལ་སྤྱིའི་བགྲོ་གླེང་འདི་སྐོང་ཚོགས་གནང་ཡོད་ཅིང་། དམིགས་བསལ་བོད་དོན་སྐོར་ལ་ལོ་རྒྱུས་ཀྱི་གནས་ཚུལ་དང་། དོན་ཚན་༡༧གྱི་ཆིངས་ཡིག སྤྲུལ་སྐུའི་ཡང་སྲིད་ངོས་འཛིན། རྒྱ་ནག་གིས་བོད་ནང་འཛིན་པའི་སྲིད་ཇུས་སོགས་ཀྱི་ཐོག་བགྲོ་གླེང་གནང་ཡོད་པའི་སྐོར་སྒྲོལ་དཀར་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།