ཨ་རིའི་ནང་གི་བོད་པའི་གཞོན་སྐྱེས་ལ་ཟབ་སྦྱོང་།
2021.06.26

དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་ལ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤྱི་ལོ་༢༠༢༡ལོའི་བོད་པའི་གཞོན་སྐྱེས་ཀྱི་འགོ་ཁྲིད་ཟབ་སྦྱོང་འདི་ད་རེས་ཟླ་༦ཚེས་༢༡ནས་ཚེས་༢༥བར་གཉེར་ཡོད་པས། ཟབ་སྦྱོང་འདིའི་འབྲེལ་ཡོད་སྐོར་དང་ཨ་རིའི་ནང་གི་གཞོན་སྐྱེས་ཁག་ཅིག་གིས་ད་རེས་ཀྱི་ཟབ་སྦྱོང་ནང་མཉམ་ཞུགས་གནང་པའི་སྐོར་འབྲེལ་ཡོད་ཁག་དང་ལྷན་དུ་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་གནང་།