བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཅེས་པའི་བགྲོ་གླེང་དང་བགྲོ་གླེང་ཐོག་བྱུང་བའི་བསམ་ཚུལ་ལ་མཇུག་སྐྱོང་གནང་ཕྱོགས།

2022.04.13
བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཅེས་པའི་བགྲོ་གླེང་དང་བགྲོ་གླེང་ཐོག་བྱུང་བའི་བསམ་ཚུལ་ལ་མཇུག་སྐྱོང་གནང་ཕྱོགས། བགྲོ་གླེང་ལྷན་ཚོགས་དེའི་གོ་སྒྲིགས་ཚོགས་ཆུང་གི་ཚོགས་མི་གྲས་བོད་དོན་འཐབ་རྩོད་པ་བཀྲིས་ལམ་བཟང་ལགས་དང་། ཚོགས་བཅར་བ་མཉམ་ཞུགས་གནང་མཁན་བོད་དོན་འཐབ་རྩོད་པ་བུད་མེད་ན་གཞོན་འཆི་མེད་ལྷ་མོ་ལགས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

ཉེ་ཆར་ཟླ་འདིའི་ཕྱི་ཚེས་༩དང་༡༠བཅས་ཉིན་གྲངས་གཉིས་ཀྱི་རིང་། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འཁྲིས་ཝར་ཇི་ནི་ཡ་མངའ་སྡེའི་ནང་། བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཅེས་པའི་བགྲོ་གླེང་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་རེད། འོན་ཀྱང་ལྷན་ཚོགས་དེ་ཚོགས་པ་གང་དང་ཡང་འབྲེལ་བ་མེད་ཅིང་། ཆབ་སྲིད་ཀྱི་ལྟ་གྲུབ་གང་རུང་ཡིན་ཆོག་པ་དང་། གཙོ་བོ་ད་ལྟའི་དུས་སྐབས་སུ་བོད་མི་ཚོ་ཆིག་སྒྲིལ་ཡོང་ཐབས་སུ་དམིགས་པ་ཞིག་ཡིན་འདུག དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་། ལྷན་ཚོགས་དེ་ཐོག་སྤེལ་བའི་གཏམ་བཤད་དང་བསམ་ཚུལ་ཁག་ལག་ལེན་འཁལ་ཐབས་སུ་ལས་དོན་མཇུག་སྐྱོང་ཇི་ལྟར་བྱེད་རྒྱུ་ཡིན་པ་དང་། མ་འོངས་པའི་འཆར་གཞི་སྐོར་ལྷན་ཚོགས་དེའི་གོ་སྒྲིགས་ཚོགས་ཆུང་གི་ཚོགས་མི་གྲས་བོད་དོན་འཐབ་རྩོད་པ་བཀྲིས་ལམ་བཟང་ལགས་དང་། ཚོགས་བཅར་བ་མཉམ་ཞུགས་གནང་མཁན་བོད་དོན་འཐབ་རྩོད་པ་བུད་མེད་ན་གཞོན་འཆི་མེད་ལྷ་མོ་རྣམ་པ་གཉིས་དང་ལྷན་དུ། རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བགྲོ་གླེང་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗ་དགྲ་འདུལ།
རྩོམ་སྒྲིག་འགན་འཛིན། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎