འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་བྷོ་ཊི་སྐད་ཡིག་ལ་རྒྱ་གར་གཞུང་གིས་ངོས་འཛིན་དང་རྩ་ཁྲིམས་ནང་ཚུད་དགོས་པའི་ཁྲིམས་འཆར་བཏོན་ཡོད་པ།

ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་བྷོ་ཊི་སྐད་ཡིག་གམ་བོད་ཡིག་རྒྱ་གར་གཞུང་གི་ངོས་འཛིན་ཐོབ་དགོས་བའི་ཁྲིམས་འཆར་བཏོན་པའི་སྐོར། འདི་ཚེས་༡་ཉིན་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས། ལོ་རྒྱུས་ནང་ཐེངས་དང་པོ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་བྷོ་ཊི་(Bhoti)་སྐད་ཡིག་དེར། རྒྱ་གར་གཞུང་གིས་ཁྲིམས་མཐུན་གྱི་ངོས་འཛིན་འབྱུང་ཐབས་སུ། རྒྱ་གར་གྱི་རྩ་ཁྲིམས་ཀྱི་ལེའུ་བརྒྱད་པའི་ནང་ཚུད་དགོས་པའི་ཁྲིམས་འཆར་བཏོན་ཡོད་པ་རེད། དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་། ཁྲིམས་འཆར་དེའི་གནད་འགག་དང་རྒྱ་གར་ནང་བོད་ཀྱི་སྐད་ཡིག་གཞུང་འབྲེལ་སྐད་ཡིག་ཆགས་ཐུབ་རྒྱུ་རེ་བ་ཇི་ཙམ་ཡོད་མིན་གྱི་སྐོར། རྒྱ་གར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་དང་།དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བོད་ཀྱི་སྐད་ཡིག་སྡེ་ཚན་གྱི་དགེ་རྒན་འབུམ་རམས་པ་ལྷག་པ་ཚེ་རིང་ལགས།ཏ་ལའི་བླ་མ་མཐོ་སློབ་ཏུ་ཡོད་པའི་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་སྐབས་བཞི་པའི་ཚོགས་གཙོ་ཐུབ་བསྟན་རབ་བརྟན་ལགས།རྣམ་པ་གསུམ་ལྷན་དུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བགྲོ་གླེང་བྱས་པ་ཉན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག