ཀུན་བཟང་སྒྲོལ་མ་ལགས་ཀྱི་ཉམས་ཞིབ་དང་ལས་འཆར་སྐོར་བཀའ་འདྲི་ཞུས་པ།
2024.01.12

ཀུན་བཟང་སྒྲོལ་མ་ལགས་ནི་རྒྱ་གར་ནང་ཡོད་པའི་Banaras Hindu གཙུག་ལག་སློབ་གྲྭ་ཆེན་མོ་ནང་འབུམ་རམས་པ་གནང་བཞིན་ཡོད་པ་དང་། ཁོང་ནི་བོད་ཕྱི་ནང་གཉིས་ཀྱི་བུད་མེད་དང་འབྲེལ་བའི་བརྩམས་ཆོས་དང་རྩོམ་པ་པོའི་སྐོར་ལ་དོ་སྣང་ཡོད་པས། འདི་ལོའི་ Rowell ཐེབས་རྩ་ནས་ལས་འཆར་འདིའི་ཐོག་རོགས་དངུལ་ཐོབ་ཡོད་པ་རེད། ཐེངས་འདིའི་བཅར་འདྲིའི་ལེ་ཚན་ནང་ཁོང་དང་ལྷན་དུ་བསྟན་འཛིན་དཔལ་མོ་ལགས་ཀྱིས་ཁོ་མོའི་ལས་འཆར་དང་ཉམས་ཞིབ་འདིའི་སྐོར་ལ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག