དབུས་གཙང་ལོ་རྒྱུས་ཆེན་མོའི་དེབ་ཀྱི་ནང་དོན་སྐོར་གླེང་པ།
2020.03.05
དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་དབུས་གཙང་ལོ་རྒྱུས་ཆེན་མོ་ཞུ་བའི་ཕྱག་དེབ་འདིའི་ནང་ཡ་ཐོག་སྐབས་ཀྱི་དབུས་གཙང་ཁུལ་གྱི་ཆོས་དང་རིག་གཞུང་། ཆབ་སྲིད། དཔལ་འབྱོར་གྱི་གནས་སྟངས་ནས་ད་ལྟ་བར་གྱི་འགྱུར་བ་དང་། དེ་བཞིན་དབུས་གཙང་ཁུལ་གྱི་ས་གནས་སོ་སོའི་ཡུལ་སྲོལ། དམིགས་བསལ་ས་གནས་སོ་སོའི་ཁྱད་ཆོས་སོགས་ཞིབ་ཕྲ་ངོ་སྤྲོད་ཞུས་ཡོད་པས། ལེ་ཚན་ནང་དབུས་གཙང་ལོ་རྒྱུས་ཆེན་མོའི་རྩོམ་སྒྲིག་པའི་ཐུགས་འགན་གཙོ་བོ་བཞེས་མཁན་གཙང་ཕྲུག་སྟོབས་ལགས་དང་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།