ཏོག་དབྱིབས་ནད་ཡམས་ཀྱིས་འཛམ་བུ་གླིང་ལ་ཤུགས་རྐྱེན།
2020.03.07
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཏོག་དབྱིབས་ནད་ཡམས་ Covid-19 གྱིས་འཛམ་གླིང་སྤྱི་དང་ལྷག་པར་བོད་དང་རྒྱ་ནག་ནང་གི་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར་གནས་བབ་བཅས་ཀྱི་ཐོག་ལ་ཤུགས་རྐྱེན་ཇི་ཐེབས་ཀྱི་སྐོར་ནད་ཡམས་དཔྱད་རིག་ཁྱད་ལས་པ་ཨ་རིའི་ཁེ་ལི་ཕོར་ནི་ཡ་ ཧོཔ་གྲོང་ཁྱེར་གྱི་རྒྱལ་ཡོངས་འཕྲོད་བསྟེན་ལྟེ་གནས་ཁང་གི་འགན་འཛིན་སྨན་པ་སྐྱུ་བློ་རྣམ་རྒྱལ་ལྷ་དབང་ལགས་དང་། ཨ་རིའི་ནིའུ་ཡོག་མངའ་སྡེའི་ནང་ཡོད་པའི་ཁོ་ལོམ་སྦི་ཡ་གཙུག་ལག་སློབ་གྲྭ་ཆེན་མོར་སྤྱི་ཚོགས་སྲིད་བྱུས་རིག་པའི་གནས་ལ་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་ཚེ་དབང་རིག་འཛིན་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།