༸ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་གནས་སྟངས།
2016.08.10

༸ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་།
༄༅། །ཐེངས་འདིའི་ཁ་བའི་གྲོས་རྭ་ཞེས་པའི་ལེ་ཚན་ནང་། རྒྱ་གར་ལྷོ་ཕྱོགས་སྦེང་ལོར་(Bengaluru) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་༸ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ཐོག་མ་གསར་འཛུགས་ཀྱི་དགོས་དོན་སྙིང་པོ་དང་ད་ལྟའི་བར་ལས་དོན་ཆེ་བ་ཁག་གང་བསྒྲུབས་ཐུབ་ཡོད་མེད་དང་། ཡང་མ་འོངས་པའི་ཁ་ཕྱོགས་སྐོར། གདན་ཞུས་སྐུ་མགྲོན་མཐོ་རིམ་སློབ་གཉེར་ཁང་དེའི་སློབ་སྤྱི་བུ་མོ་ཚེ་རིང་ལགས་དང་སློབ་གཉེར་ཁང་གི་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་སྒྲོལ་དཀར་སྐྱིད་ལགས་དང་ཡང་ཉེ་བའི་ཆར་སློབ་གཉེར་ཁང་དེ་ནས་བོད་ཡིག་རིག་གནས་རབ་འབྱམས་ཐོག་སློབ་ཐོན་པ་ངག་དབང་ནོར་བུ་ལགས་དང་རྒྱ་ཡིག་རིག་གནས་འབྱམས་སློབ་ཐོན་པ་ཟླ་བ་བཟང་མོ་བཅས་ཁོང་བཞི་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་གླིང་མོལ་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།