བོད་ཀྱི་ཡར་ཀླུང་གཙང་པོའི་ཆུ་བོའི་སྟེང་གནམ་གཤིས་འགྱུར་ལྡོག་བྱུང་བཞིན་པའི་ཤུགས་རྐྱེན།

2023.04.05
བོད་ཀྱི་ཡར་ཀླུང་གཙང་པོའི་ཆུ་བོའི་སྟེང་གནམ་གཤིས་འགྱུར་ལྡོག་བྱུང་བཞིན་པའི་ཤུགས་རྐྱེན། བློ་བཟང་གཡང་མཚོ་ལགས་ཀྱིས་ཨ་རིའི་ནཱ་རོ་པཱ་གཙུག་ལག་སློབ་གཉེར་ཁང་དང་ཀོ་ལོ་ར་ཌོ་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་ཡར་ཀླུང་གཙང་པོའི་ཆུ་བོའི་སྟེང་གནམ་གཤིས་འགྱུར་ལྡོག་བྱུང་བཞིན་པའི་ཤུགས་རྐྱེན་ཐོག་གསུང་བཤད་གནང་བ།
བློ་བཟང་གཡང་མཚོ།

བོད་ཀྱི་ཆུ་བོའི་ཐད་འབུམ་རམས་པའི་ཉམས་ཞིབ་གནང་མྱོང་པ་བློ་བཟང་གཡང་མཚོ་ལགས་ཀྱིས་ཨ་རིའི་ནང་ཕྱོགས་སྐྱོད་གནང་བཞིན་ཡོད་ཅིང་། ཕྱི་ཟླ་ ༤ ཚེས་ ༣ ཉིན་ཨ་རིའི་ཁོ་ལོ་ར་ཌོ་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་ཡར་ཀླུང་གཙང་པོའི་ཆུ་བོའི་སྟེང་གནམ་གཤིས་འགྱུར་ལྡོག་བྱུང་བཞིན་པ་དེས་གཤམ་གྱི་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ཊུ་ཊིང་གྲོང་གསེབ་ནང་ཤུགས་རྐྱེན་ཇི་ཐེབས་གཙོ་འགྱུར་གྱི་གཏམ་བཤད་གནང་ཞིང་། བོད་དོན་ཐད་ཁོང་གི་མྱོང་བའི་ལོ་རྒྱུས་དང་འབྲེལ་ནས་ངོ་སྤྲོད་གནང་འདུག བཅར་དྲིའི་ལས་རིམ་འདི་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་བློ་བཟང་གཡང་མཚོ་ལགས་ཀྱི་ཨ་རིའི་ནང་གི་ཕྱོགས་ཕེབས་དང་འབྲེལ་བའི་ཐད་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎