པེ་ཅིན་གནམ་ཐང་ནས་ཕྱིར་སློག་བཏང་འདུག
2014.07.09
རྒྱ་གཞུང་གིས་འཇུ་བཟུང་བྱས་ཟིན་པའི་ཡུ་གུར་བ་ཨེ་ཧམ་ཐོའུ་ཊི་དང་འབྲེལ་བ་ཡོད་པའི་རྐྱེན་གྱིས་ཡིན་པ་ཚོད་དཔག་བྱེད་ཀྱི་འདུག
ཟླ་བ་འདི་ཚེས་༥ཉིན་བོད་རིག་པར་མཁས་པ་ཨ་རི་བ་Elliot Sperling པེ་ཅིན་གྱི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་མ་ཐག་རྒྱ་ནག་ཉེན་རྟོག་པས་བཀག་ཉར་དང་། ཆུ་ཚོད་གཅིག་ལྷག་རིང་འདྲི་རྩད་བྱས་རྗེས་ཨ་རི་ལ་ཕྱིར་སློག་བཏང་འདུག ཁོང་གིས་བརྗོད་དོན། དེ་ནི་ཁོ་རང་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་ཟིན་པའི་ཡུ་གུར་བ་ཨེ་ཧམ་ཐོའུ་ཊི་དང་འབྲེལ་བ་ཡོད་པའི་རྐྱེན་གྱིས་ཡིན་སྲིད་པ་བརྗོད་འདུག དེའི་ཐད་ཀྱི་གནས་ཚུལ་ཞིབ་ཕྲ་དཔལ་ལྡན་རྒྱལ་གྱིས་ཁོང་ལ་བཅར་འདྲི་ཞུས་པར་གསན་རོགས་ཞུ།