གཏེར་ཁ་སྔོག་འདོན་གྱིས་རྐྱེན་པས་ཁོར་ཡུག་གཏོར་བཤིག་གི་སྐོར་ལ་བོད་ཀྱི་སྲིད་ཇུས་ཉམས་ཞིབ་པ་ལ་བཀའ་འདྲི།
2025.01.13
གཏེར་ཁ་སྔོག་འདོན་ནི་དཔལ་འབྱོར་འཕེལ་རྒྱས་ལ་སོགས་ཀྱི་ཐོན་ཁུངས་གཙོ་ཆེ་ཞིག་ཡིན་ཡང་། འཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད་ཅིང་གོ་ལར་རྨ་ཁ་འཇོག་གི་ཡོད། འཛམ་གླིང་ཁྱོན་ཡོངས་ནས་གཏེར་ཁ་དང་ལྕགས་རིགས་མཁོ་སྒྲུབ་ཀྱི་དགོས་མཁོ་ཆེ་རུ་འགྲོ་བཞིན་པ་དང་ཆབས་ཅིག་ལས་དོན་དེ་དག་གི་ཁོར་ཡུག་གི་རྗེས་ཤུལ་ཉུང་འཕྲི་བྱེད་པ་དང་འབྲེལ་བའི་དཀའ་ངལ་ཡང་ཆེ་རུ་འགྲོ་བཞིན་ཡོད་པར་བརྟེན། གཏེར་ཁ་སྔོག་འདོན་གྱིས་རྐྱེན་པས་ཁོར་ཡུག་གཏོར་བཤིག་གི་སྐོར་ལ་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་དོན་འགྲུབ་དབང་མོ་ལགས་ལ་གསར་འགོད་པ་སྒྲོལ་མ་ལྷ་མོས་བཀའ་འདྲི་ཞུས་པ་ཞིག་གསན་གནང་གི་རེད།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།