བོད་དོན་ཞུ་གཏུག་ནི་སྒྱུ་རྩལ་གྱི་རྣམ་དཔྱོད་ཅིག་ཡིན་ནམ།

2023.07.15
བོད་དོན་ཞུ་གཏུག་ནི་སྒྱུ་རྩལ་གྱི་རྣམ་དཔྱོད་ཅིག་ཡིན་ནམ།
སན་ཊ་སྦཱར་སྦ་ར་བོད་ཀྱི་གྲོགས་པོ།

བོད་དོན་ཞུ་གཏུག་ནི་སྒྱུ་རྩལ་གྱི་རྣམ་དཔྱོད་ཅིག་ཡིན་ནམ། དེང་སང་ནུབ་ཕྱོགས་ཡུལ་གྲུ་ཁག་གི་གྲོང་ཁྱེར་དང་གཞུང་འཛིན་སྒྲིག་འཛུགས་མང་པོས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་ཉིན་མོ་ཞེས་ངོས་འཛིན་ཞུ་བཞིན་ཡོད་ཅིང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དུས་ཆེན་ཕྱི་ཟླ་ ༧ ཚེས་ ༦ ཉིན་སྙིང་རྗེའི་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་ནི། བོད་མིའི་ཞུ་གཏུག་དང་དྲིལ་བསྒྲགས་ཀྱི་མཇུག་འབྲས་སུ་ངོས་འཛིན་ཞུ་གི་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  བོད་དོན་ཆེད་ལོ་མང་ཐབས་བྱུས་ངང་ནས་ཞུ་གཏུག་དང་དྲིལ་བསྒྲགས་གནང་མྱོང་མཁན་ཐེ་པོ་སྤྲུལ་སྐུ་མཆོག་དང་ལྷན་ཞུ་གཏུག་གི་ལས་འགུལ་འདི་རྩལ་དང་རྣམ་དཔྱོད་ཀྱི་ངོ་བོ་ཇི་ལྟར་ཆགས་ཀྱི་ཡོད་མེད་ཐད་དཔྱད་གཞིའི་སླད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎