རྗེ་ཙོང་ཁ་པ་མཆོག་དགོངས་པ་རྫོགས་ནས་ལོ་༦༠༠འཁོར་བ།
2019.12.07

༄༅༎ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཆགས་པའི་གདན་ས་དགའ་ལྡན་རྣམ་པ་རྒྱལ་བའི་གླིང་དུ་རི་བོ་དགེ་ལྡན་པའི་བསྟན་པའི་གསོལ་གཏོད་མཛད་པོ་འཇམ་མགོན་བླ་མ་ཙོང་ཁ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་བགྲང་བྱ་ ༦༠༠ འཁོར་བའི་དུས་དྲན་གྱི་མཛད་སྒོ་རྒྱས་པ་ཞིག་འཚོགས་ཀྱི་ཡོད་པ་ལྟར། དེ་འབྲེལ་གྱི་གནད་དོན་ཐད་དགའ་ལྡན་བྱང་རྩེ་མཁན་རིན་པོ་ཆེ་བློ་བཟང་བསྟན་པ་མཆོག་དང་། དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་བཅས་དང་ལྷན་འདི་གའི་ལས་བྱེད་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག