མེས་པོ་དམ་པ་གཱན་དྷའི་ལྟ་གྲུབ་དང་༸གོང་ས་མཆོག
ཕྱི་ཟླ་ ༡༠ ཚེས་ ༢ ཉིན་རྒྱ་གར་གྱི་མེས་པོ་དམ་པ་གཱན་དྷིའི་འཁྲུངས་སྐར་འཁེལ་ཞིང་། ཁོང་གི་འཚེ་མེད་ཞི་བའི་ཐོག་ནས་རྒྱ་གར་རང་བཙན་འཐབ་རྩོད་ཀྱི་ཁྲོད་སྐུ་ཚེ་ཧྲིལ་པོར་སྐུ་ལས་བསྐྱོན་པར་ཆེ་བསྟོད་ཆེད་ཉིན་མོ་འདི་རྒྱལ་སྤྱིའི་འཚེ་བ་མེད་པའི་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་རེད། ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། མེས་པོ་དམ་པ་གཱན་དྷིའི་མཛད་རྣམ་དང་ཁོང་གི་ལྟ་གྲུབ་འདི་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་ཡི་རངས་དང་རྗེས་འཛིན་གནང་གི་ཡོད་པར་བརྟེན། ༡༩༨༩ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཛད་འཕྲིན་ལ་ཆེ་བསྟོད་ངོས་འཛིན་ཞུ་ཕྱིར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཅིང་། འཚེ་བ་མེད་པའི་ལྟ་གྲུབ་འདི་དེང་གི་འཛམ་གླིང་ནང་འོས་འཚམས་ཇི་ཙམ་ཡོད་མེད་ཐད་བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། ཚེ་དབང་དངོས་གྲུབ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།