ནིའུ་ཡོག་ཏུ་རྒྱལ་སྤྱིའི་བོད་མིའི་ཁེ་ལས་པའི་ཚོགས་ཆེན་སྐོང་ཚོགས་གནང་རྒྱུ།

2023.04.13
ནིའུ་ཡོག་ཏུ་རྒྱལ་སྤྱིའི་བོད་མིའི་ཁེ་ལས་པའི་ཚོགས་ཆེན་སྐོང་ཚོགས་གནང་རྒྱུ། ཨ་མི་རི་ཀའི་གྲོང་ཁྱེར་New Yorkནང་རྒྱལ་སྤྱིའི་བོད་མིའི་ཁེ་ལས་པའི་ཚོགས་ཆེན་སྐོང་ཚོགས་གནང་རྒྱུ།
Tibetan Chamber of Commerce

ཨ་མི་རི་ཀའི་གྲོང་ཁྱེར་New Yorkནང་རྒྱལ་སྤྱིའི་བོད་མིའི་ཁེ་ལས་པའི་ཚོགས་ཆེན་སྐོང་ཚོགས་གནང་གི་ཡོད་པ་དང་། བོད་མིའི་ཚོང་ལས་སྡེ་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་འདུས་ལགས་ཀྱིས་བོད་པའི་ཚོང་པ་ཆེ་ཁག་ལས་གྲུབ་པའི་ Norbu Capital ཞེས་ནོར་བུ་མ་འཛུགས་ཁང་དང་ཟུང་སྦྲེལ་ཐོག་རྒྱ་བལ་འབྲུག་གསུམ་ནང་ཚོང་ལས་ཀྱི་ལས་གཞི་འགོ་འཛུགས་གནང་འདོད་ཡོད་མཁན་གྱི་བོད་མི་ཁྱད་ལས་པ་ལྔ་ལ་མང་མཐར་ཧིན་སྒོར་འབུམ་བཅུ་རེའི་མ་འཛུགས་རོགས་རམ་གནང་རྒྱུའི་ལས་གཞི་ཞིག་དབུ་འཛུགས་གནང་ཡོད་པ་སོགས་ཀྱི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་འདྲི་བ་དྲིས་ལན་གྱི་ཐོག་ནས་ཕྱོགས་སྒྲིག་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎