བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕྲ་སྲིན་H Pylori ཡི་དཀའ་ངལ།
2022.11.14
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། ཕོ་བའི་འབྲས་ནད་ཀྱི་རྐྱེན་བྱེད་མཁན་གྱི་གྲས་ཕྲ་སྲིན་H. Pylori ཟེར་བ་དེ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དཀའ་ངལ་གྱི་གནས་སྟངས་ཇི་ལྟར་ཡོད་མེད་དང་། ཨ་མི་རི་ཀའི་མིང་གྲགས་ཆེ་བའི་Johns Hopkins སྨན་ཁང་གིས་H. Pylori ཕྲ་སྲིན་དེས་ཕོ་བའི་འབྲས་ནད་ཀྱི་སློང་རྐྱེན་ཇི་ལྟར་བྱེད་ཀྱི་ཡོད་མེད་དང་། དེར་སྔོན་འགོག་གི་ཐབས་ལམ་ཇི་ལྟར་བྱ་ཕྱོགས་སོགས་ཀྱི་སྐོར་ངོ་སྤྲོད་གནང་བ་ནས་གཡུ་སྒྲོན་ལགས་ཀྱིས་ཕྱོགས་བསྒྲིགས་ཞུས་ཞིག་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།