གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་སྙིང་ཐིག་ཅེས་པའི་གླུ་གཞས།
2021.04.14
ཨོསི་ཀྲི་ལི་ཡའི་ནང་བཞུགས་པའི་བོད་པའི་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་བླངས་པའི་སྙིང་ཐིག་གམ་དབྱིན་སྐད་དུ་Heart Strings ཞེས་པའི་གླུ་གཞས་དེ་ཨོསི་ཀྲི་ལི་ཡའི་ནང་གྲགས་ཆེ་བའི་གླུ་གཞས་གཟེངས་རྟགས་མཐོ་གཞུང་ཞིག་གི་ནང་འཚུད་ཡོད་པའི་སྐོར་ལྷུན་གྲུབ་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།