བཀའ་ཟུར་རྗེ་བཙུན་པདྨ་མཆོག་གི་དངོས་བྱུང་གློག་བརྙན་ ཨ་མ་ལགས་ཞེས་པ་དེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གཟིགས་འབུལ་ཞུས་གནང་ཡོད།
2024.04.12
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་སྐུ་ཚའི་ལོ་རྒྱུས་བརྒྱུད་ནས་བཙན་བྱོལ་ནང་གི་བོད་ཕྲུག་ཚོའི་ཤེས་ཡོན་བརྒྱུད་རིམ་ཀྱི་དངོས་བྱུང་གློག་བརྙན་ ཨ་མ་ལགས་ཞེས་པ་དེ་གཟིགས་འབུལ་ཞུས་གནང་ཡོད་པ་དང་། སྐབས་དེར་རྗེ་བཙུན་པདྨ་མཆོག་ནས་བཙན་བྱོལ་ནང་བོད་མིའི་མི་རབས་བཞི་པར་ཤེས་ཡོན་གོ་སྐབས་འཐོབ་བཞིན་པའི་དུས་འདིར་སེམས་ཤུགས་འདི་སྔར་ལས་ཤུགས་ཆེ་རུ་གཏོང་དགོས་པ་ནན་བརྗོད་གནང་ཡོད་པའི་སྐོར་ཆེད་གཉེར་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།