བཀའ་ཟུར་རྗེ་བཙུན་པདྨ་མཆོག་གི་ཉིན་མོ།
2018.11.19

མི་ནི་སོ་ཊ་(Minnesota) མངའ་སྡེའི་གྲོང་ཁྱེར་མི་ནིཡ་པོ་ལིས་(Minneapolis) དང་། སེནྚ་པོལ་(St. Paul) ཟུང་འབྲེལ་གྱིས་ཕྱི་ལོ་༢༠༡༨་ཕྱི་ཟླ་༡༡་པའི་ཚེས་༡༧་ཉིན་མོ་དེ་བཞིན་སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གི་ཉིན་མོ་ཞེས་སྲུང་བརྩིའི་བསྒྲགས་གཏམ་སྤེལ་ཡོད་པ་དང་། བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་བཀའ་ཟུར་བསྟན་པ་ཚེ་རིང་རྣམ་གཉིས་ཀྱིས་ཉིན་གྲངས་གསུམ་རིང་Minnesotaའི་ཁུལ་དུ་མཛད་འཆར་བསྐྱངས་ཡོད་པའི་སྐོར་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ངག་དབང་འཆི་མེད་ལགས་སུ་ཚེ་བརྟན་རྣམ་རྒྱལ་ལགས་ཀྱིས་བཀའ་འདྲི་ཞུས་པ་གསན་རོགས་གནང་།