ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང༌།
2016.04.10

༄༅༎དེ་རིང་གི་གཏམ་གླེང་ལེ་ཚན་ནང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་འདས་པའི་དུས་ཚོད་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཞབས་ཞུའི་ལས་དོན་སྣ་མང་སྤེལ་ཡོད་པའི་ཐོག་ཕྱི་རྒྱལ་གྱི་གཞོན་སྐྱེས་མང་པོར་བོད་ཀྱི་རིག་གཞུང་དང་བོད་དོན་ངོ་སྤྲོད་གནང་ཡོད་པའི་སྐོར་ལ་འགན་འཛིན་ངག་དབང་རབ་རྒྱས་ལགས་དང་ལྷན་སྒྲོལ་དཀར་ལགས་ཀྱིས་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་སྒྲོལ་དཀར།