༢༠༢༣ ལོའི་ཞོ་སྟོན་སྐབས་ལྷ་མའི་སྒྱུ་རྩལ་རུ་ཁག་༡༡ ནས་མཉམ་ཞུགས།

2023.03.28
༢༠༢༣ ལོའི་ཞོ་སྟོན་སྐབས་ལྷ་མའི་སྒྱུ་རྩལ་རུ་ཁག་༡༡ ནས་མཉམ་ཞུགས།
འདྲ་བཤུས།

བོད་ཀྱི་ཞོ་སྟོན་ཐེངས་ ༢༦ རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཚོགས་ཡོད་ཅིང་།   འདི་ལོ་ཞོ་སྟོན་སྐབས་མཉམ་ཞུགས་གནང་མཁན་བོད་ཀྱི་ལྷ་མོའི་སྒྱུ་རྩལ་རུ་ཁག་ ༡༡ བྱུང་སྟེ་ལོ་རྒྱུས་ནང་མང་ཤོས་ཆགས་ཡོད་པ་རེད། འོན་ཀྱང་བོད་མིའི་གཞིས་ཆགས་ཁག་གི་ལྷ་མོ་ཚོགས་པའི་ནང་འཛུལ་ཞུགས་གནང་མཁན་ཉུང་བའི་དཀའ་ངལ་ཡོད་པ་འདི་ཡང་ཕྱོགས་གཅིག་གི་དཀའ་ངལ་ཞིག་ཀྱང་ཆགས་ཡོད་པ་འབྲེལ་ཡོད་ཚོས་འགྲེལ་བརྗོད་གནང་གི་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྒྱ་གར་དབུས་ཤར་མན་པཊ་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ལྷ་མོ་ཚོགས་པའི་ཚོགས་གཙོ་ཀུན་བཟང་ཚེ་རིང་ལགས་དང་ལྷ་མོའི་དགེ་རྒན་མིག་དམར་བཀྲིས་ལགས། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལྷ་མོའི་རུ་ཁག་གི་སྒྱུ་རྩལ་བ་ཤི་ལོག་ལགས་བཅས་གདན་ཞུས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎