ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་བསྟི་གནས་ཁང་གི་འཚོ་ཐབས་ལས་རིགས་སྦྱོང་བརྡར་ལས་གཞི།
2024.03.25
རྒྱ་གར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་བསྟི་གནས་ཁང་གིས་བོད་པའི་སྤྱི་ཚོགས་ཡར་རྒྱས་གཏོང་ཐབས་སུ་བོད་ཀྱི་རིག་གཞུང་དང་སྐད་ཡིག་དར་སྤེལ་དང་། སྤྱི་ཚོགས་དངས་བླངས་ཞབས་ཞུ། ཤེས་ཡོན་སློབ་གསོ་བཅས་ཀྱི་ལས་འཆར་ལོ་ལྟར་སྤེལ་ཀྱི་ཡོད་པ་བཞིན། Livelihood Training Program ཞེས་འཚོ་ཐབས་སྦྱོང་བརྡར་གྱི་ལས་གཞི་ཡིས་ཁ་ཡོད་ལག་ཡོད་ཀྱིས་བོད་རིགས་གཞོན་སྐྱེས་ཚོར་མདུན་ལམ་གསར་པའི་གོ་སྐབས་བསྐྲུན་ཡོད་པ་དང་ལས་གཞི་དེ་དང་འབྲེལ། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་ཚེ་རིང་དབང་འདུས་ལགས་སུ་གསར་འགོད་པ་སྒྲོལ་མ་ལྷ་མོ་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།