ཝིག་ཊོ་རི་ཡའི་མངའ་སྡེའི་གྲོས་ཚོགས་ཀྱི་ནང་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ།
2024.02.27

ཨོ་སི་ཊོ་ལི་ཡའི་ ཝིག་ཊོ་རི་ཡའི་མངའ་སྡེའི་གྲོས་ཚོགས་ཀྱི་ནང་བོད་པའི་ལོ་གསར་སྲུང་བརྩི་ཞུས་པའི་ཐོག་གྲོས་ཚོགས་འཐུས་མི་ Samantha Ratnam ལགས་ནས་བོད་པའི་ཆོས་དང་རིག་གཞུང་གི་རིན་ཐང་ལ་འཛམ་གླིང་ཡོངས་ནས་བསླབ་བྱ་ལེན་རྒྱུ་དུ་མ་ཞིག་ཡོད་སྐོར་གསུངས་གནང་འདུག འདིའི་སྐོར་ང་ཚོའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།