སེམས་དང་སྲོག་གི་བསྟི་གནས་ཁང་གིས་གོ་སྒྲིག་འོག་དབྱར་དུས་ཀྱི་ཉམས་ཞིབ་པའི་བགྲོ་གླེང་ཚོགས་འདུ།
ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་སེམས་དང་སྲོག་གི་བསྟི་གནས་ཁང་གིས་གོ་སྒྲིག་འོག་དབྱར་དུས་ཀྱི་ཉམས་ཞིབ་པའི་བགྲོ་གླེང་ཚོགས་འདུ་ཞིག་གཟའ་འཁོར་སྔ་མའི་ནང་ཨ་རིར་ཚོགས་ཡོད་པའི་སར་རྒྱལ་ཁབ་ ༡༧ ནས་ཉམས་ཞིབ་པ་དང་། ཚན་རིག་པ། སེམས་ཁམས་རིག་པ་བ། བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པ་རྩེ་ཕུད་འགའ་ཕེབས་ཞུགས་བཅས་མཁས་དབང་དང་ཁྱད་ལས་པ་བཅས་ ༡༢༠ ཙམ་ཕེབས་ཞུགས་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ༧དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཆེད་གཏོང་གནང་པའི་གདན་ས་གྲྭ་ཚང་དང་བཙུན་དགོན་གཉིས་ནས་སྐུ་ཚབ་བཅས་མི་སྣ་ ༥ ཕེབས་ཞུགས་གནང་ཡོད་པའི་ཁོངས་ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཚན་རིག་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་ལགས་དང་ལྷན་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།