ས་འགུལ་གོད་ཆགས་ཕོག་སར་རོགས་སྐྱོར།


2015.05.27
ས་འགུལ་གོད་ཆགས་ཕོག་སར་རོགས་སྐྱོར།
གདུང་སྲས་ཚང་འཇིགས་མེད་ལགས།

༄༅།    །བལ་ཡུལ་གནས་ཞུགས་གདུང་སྲས་ཚང་འཇིགས་མེད་ཀྱིས་གཙོས་པའི་ཁྱིམ་ཚང་གསུམ་ཙམ་དང་ཁོང་ཚོའི་ཨ་རིའི་ནང་གི་གདན་གྱི་ཚོང་རོགས་ཏྲ་མ་ར་གདན་ཚོང་ལས་ཁང་ཐུན་མོང་གིས་བལ་ཡུལ་གྱི་གྲོང་གསེབ་ས་ཁུལ་Bhimtar, ཞེས་Sindhupalchok རྫོང་ཁུལ་དུ་ཡོད་པའི་ས་ཡོམ་གྱི་གོད་ཆགས་ཕོག་པའི་ ཁྱིམ་ཚང་༥༠༠ཙམ་ གནས་སྐབས་ཁང་པའི་སྡོད་གནས་ཆེད་དུ་་ངལ་སེལ་རོགས་སྐྱོར་སྤེལ་འདུག།   ཟླ་བ་ལྔ་པའི་ཚེས་༢༧ཉིན་གྱི་ངལ་སེལ་མྱུར་སྐྱོབ་གྱི་ལས་དོན་དེ་གཙོ་བོ་གོང་ཞུས་ས་ཁུལ་ཁག་དུ་བལ་ཡུལ་ཉམ་ཐག་ཁྱིམ་ཚང་༥༠༠ཙམ་ལ་ལྕགས་ཤོག་གི་སྡོད་ཁང་གསར་རྒྱག་ཐོག་རོགས་སྐྱོར་གནང་འདུག་པ་དང་ད་དུང་ཕྱི་ཟླ་ལྔ་པའི་ཚེས་༢༩་དང་དྲུག་པའི་ཚེས་༡ཉིན་སླར་ཡང་ས་ཡོམ་གྱི་གནོད་འཚེ་ཐེབས་ཡུལ་བལ་ཡུལ་གྱི་Kavre་དང་sindhupalchokརྫོང་གི་གྲོང་གསེབ་ཁག་དུ་ཁྱིམ་ཚང་ཆིག་སྟོང་ལ་གནས་སྐབས་སྡོད་གནས་ཆེད་ཆར་དུས་མ་ཡོང་སྔོན་དུ་ལྕགས་ཤོག་ཀྱི་སྡོད་ཁང་གསར་རྒྱག་ཐོག་རོགས་སྐྱོར་གནང་རྒྱུ་ཡིན་པ་རེད་འདུག    བལ་ཡུལ་དུ་གནས་ཞུགས་བོད་རིགས་གདུང་སྲས་ཚང་འཇིགས་མེད་ལགས་ཀྱིས་གསར་འགོད་པ་གསུངས་དོན་ལ་བལ་ཡུལ་དུ་ས་འགུལ་གྱི་གོད་ཆགས་བྱུང་མ་ཐག་ཉིན་བཞི་ཡི་རྗེས་སུ་བོད་མི་ཁྱིམ་ཚང་ཁག་གཅིག་གིས་དང་བླངས་ཀྱིས་བཟའ་བཅའ་དང་སྡོད་གུར་ཐོག་རོགས་སྐྱོང་གནང་ནས་ད་ལྟའི་སྐབས་སུ་རོགས་སྐྱོར་གྱི་རིམ་པ་གསུམ་པར་སྡོད་ཁང་ཐོག་རོགས་སྐྱོང་གནང་བཞིན་པ་རེད་འདུག་ལ་དེ་ནི་ཁོང་གིས་འགྲོ་བ་མིའི་གཅིག་པ་ཡིན་པའི་འདུ་ཤེས་འཛིན་ནས་བལ་ཡུལ་དུ་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་དཀའ་སྡུག་སྐབས་སུ་རོགས་སྐྱོར་གནང་བ་ཞིག་ཡིན་ཞེས་དང་དེ་ཡང་བོད་མི་དང་དེ་བཞིན་བོད་པའི་དགོན་སྡེའི་ཁང་གིས་བལ་ཡུལ་མི་མང་ལ་རོགས་སྐྱོར་གང་ལེགས་གནང་བ་དགའ་བསུ་་དང་ཡི་རངས་གནང་བཞིན་འདུག་པ་དང་ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་ནས་བལ་ཡུལ་ལ་རོགས་རམ་གང་ཐུབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་སོང་།།


གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎