ར་སྟོད་གྲྭ་ཚང་གི་མཁན་པོ་ཁྲི་ཐོག་དྲུག་པ།
ནུབ་ཕྱོགས་པའི་ཁྲོད་ནས་ཆབ་སྲིད་པ་དང་། གློག་བརྙན་འཁྲབ་སྟོན་པ། ཤེས་ཡོན་ཅན་པ་མང་པོ་ཞིག་གིས་ནང་ཆོས་ལ་དོ་འཁུར་སྦྱང་པ་བྱེད་དེ་ནང་ཆོས་ལ་ཞུགས་མཁན་ཇེ་མང་དུ་འཕེལ་བཞིན་ཡོད་ཅིང་། དགེ་བཤེས་ཐུབ་བསྟན་ལྷུན་འགྲུབ་བམ་སྐྱ་མིང་ལ་ནི་ཀོ་ལས་ཝརི་ལེན་ཞུ་བའི་ཨ་རི་བ་ཁོང་གཅིག་ཡིན་པ་དང་། ཁོང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ར་སྟོད་གྲྭ་ཚང་གི་མཁན་པོ་ཁྲི་ཐོག་དྲུག་པར་བསྐོ་གཞག་ཕྱག་རྟགས་བསྩལ་ཏེ་ནུབ་ཕྱོགས་པ་ཞིག་བྱེས་ཀྱི་གདན་སའི་མཁན་པོར་འཁོད་པ་ཐོག་མར་དེ་ཆགས་ཡོད་ལ། ནི་ཀོ་ལསི་ཝརི་ལེན་ལགས་ནི་ཉེ་ལམ་དགུང་གྲངས་ ༡༠༠ ལ་དགོངས་པ་རྫོགས་པའི་དབང་ལུང་མན་ངག་གྱི་བདག་པོར་ངོས་འཛིན་ཆེ་བསྟོད་ཞུ་བཞིན་པ་ར་སྟོད་སྐྱོང་ལ་རིན་པོ་ཆེའི་ཐུགས་སྲས་སུ་ངོས་འཛིན་ཞུ་མཁན་ཡོད་པ་རེད། བཀྲིས་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།