བྱང་ཨ་རིའི་གཟའ་མཇུག་སློབ་དེབ།
2016.08.12

Photo: RFA
ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་ཟེར་བ་ཞིག་པར་བསྐྲུན་འགྲེམས་སྤེལ་བྱས་པར་སྤྱི་ཚོགས་སྟེང་གླེང་སློང་ཆེན་པོ་བྱུང་ཡོད་པ་རེད། དེ་རིང་ལེ་ཚན་ནང་བྱང་ཨ་རིའི་གཟའ་མཇུག་སློབ་དེབ་སྐོར་ལ། ཧྥ་རན་སིའི་རྒྱལ་ས་ཕ་རི་སེ་ནང་བོད་རིགས་བྱིས་པ་ཚོར་བོད་ཡིག་སློབ་ཁྲིད་གནང་བཞིན་པའི་རྩོམ་པ་པོ་འབའ་སྲས་ལགས་དང་། དེ་བཞིན་སློབ་འཁྲིད་རིག་པ། སྲོལ་རྒྱུན་བོད་ཀྱི་ཤེས་ཡོན་རིག་པའི་སྐོར་ལ་ཞིབ་འཇུག་གནང་མཁན་ཨ་འཁོར་བཟོད་པ་ལགས་རྣམ་གཉིས་དང་མཉམ་དུ་དཔལ་ལྡན་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།གསར་འགོད་པ་དཔལ་ལྡན་རྒྱལ།