ས་ག་ཟླ་བའི་ངོ་སྤྲོད།
2014.05.27

ཕལི་ཀར།
༄༅༎ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་སངས་རྒྱས་ཤཱཀྱ་ཐུབ་པའི་མཛད་ཆེན་གསུམ་མམ་བཞི་མཛད་པའི་ནང་པ་ཚོས་དམིགས་བསལ་རྩ་ཆེན་དུ་རྩིས་པའི་ས་ག་ཟླ་བའི་ངོ་སྤྲོད་དང་།ཟླ་འདིའི་ནང་དགེ་སྦྱོར་འགྲུབ་ཚུལ།ལྷག་པར་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་ཀྱི་ནང་དོན་སྙིང་བསྡུས་ངོ་སྤྲོད་སོགས་དང་འབྲེལ་བའི་སྐོར་རྡ་ས་རིག་ལམ་སློབ་གཉེར་ཁང་གི་ཕྱག་དཔེའི་རྒན་དགེ་བཤེས་བློ་བཟང་ཟླ་བ་ལགས་དང་སྐལྡན་བློ་གྲོས་ལགས་དབར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།