ཐུགས་དམ་དང་ནུབ་ཕྱོགས་ཚན་རིག་པའི་དཔྱད་ཞིབ།
སྔར་འཛམ་གླིང་ནུབ་ཕྱོགས་པས་བོད་ཀྱི་ནང་ཆོས་འདིར་བླ་མའི་ཆོས་ལུགས་ཞེས་འབོད་ལུགས་ཤིག་གྱུར་ཡོད་ཀྱང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་མི་མང་པོ་ཞིག་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་བའི་རྗེས། ༧གང་ཉིད་ཀྱིས་ཚན་རིག་པ་དང་འབྲེལ་ལམ་བཙུགས་ཏེ་བགྲོ་གླེང་ཁག་ཏུ་དབུ་ཞུགས་མཛད་པ་བཅས་ལ་བརྟེན། བོད་ཀྱི་ནང་ཆོས་ནི་ནང་སེམས་འདུལ་ཐབས་ཁོ་ན་ལ་གཞི་བཅོལ་བའི་ལྟ་གྲུབ་དང་། ཚན་རིག ཆོས་ལུགས་ཤིག་ཡིན་པ་རིམ་བཞིན་ཇེ་གསལ་དུ་སོང་ཡོད་ཅིང་། འཛམ་གླིང་གི་ཆེས་སྙན་གྲགས་ཆེ་བའི་ཚན་རིག་པ་རྩེ་ཕུད་མང་པོས་ནང་ཆོས་ཉམས་ལེན་གྱི་གྲུབ་འབྲས་ལ་འཕྲུལ་ཆས་ཀྱི་ལམ་ནས་བརྟག་དཔྱད་བྱེད་དེ་འདས་པའི་ལོ་ངོ་བརྒྱ་ཕྲག་རིང་བྱུང་མེད་པའི་དུས་ཀྱི་བཀྱོག་མཚམས་ཤིག་ཏུ་སླེབས་ཡོད་པ་རེད། ཉེ་ལམ་རྒྱ་གར་ནང་ར་ཤི་ཡའི་ཚན་རིག་པས་ཐུགས་དམ་ལ་དཔྱད་པ་བྱེད་སྟངས་ཐད་སྦྱོང་བརྡར་གནང་ཡོད་པ་ལྟར། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་དགོན་པའི་ཚན་རིག་སྡེ་ཚན་གྱི་འགན་འཛིན་གཞོན་པ་བསྟན་འཛིན་ལྷག་བསམ་ལགས་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཚན་རིག་ཉམས་ཞིབ་པ་ཡེ་ཤེས་རྡོ་རྗེ་ལགས། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཐུགས་དམ་ཉམས་ཞིབ་པ་ཀུན་དགའ་ལྷུན་འགྲུབ་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།