ཚན་རིག་དང་ནང་པའི་ལྟ་གྲུབ་དབར་གྱི་རྒྱལ་སྤྱིའི་ཚོགས་ཆེན།
2018.03.29
འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནང་ཕྱི་ཚེས་༢༧དང་༢༨བཅས་ཉིན་གྲངས་གཉིས་ཀྱི་རིང་ཚན་རིག་དང་ནང་པའི་ལྟ་གྲུབ་དབར་གྱི་རྒྱལ་སྤྱིའི་ཚོགས་ཆེན་ཞིག་སྐོང་ཚོགས་གནང་འདུག དེའི་སྐོར་ང་ཚོའི་ས་གནས་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།