ཁྲ་འགུ་ཚེ་སྒྲུབ་ཐུགས་རྗེ་གསང་འདུས་ཟེར་བ་ཚོགས་རྒྱུ།
2016.07.08
༄༅། །ཐེངས་འདིའི་གཞིས་བྱེས་བོད་མི་ཟེར་བའི་ལེ་ཚན་ནང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གཙོས་བོད་ཀྱི་ནང་པའི་བླ་ཆེན་རྣམ་སོགས་སྐུ་ཚེ་ཡུན་དུ་བརྟན་པའི་ཆེད་དུ་ཀེ་ན་ཌའི་ ཝན་ཀུ་ཝར་ས་གནས་སུ་ཉིན་གྲངས་བདུན་གྱི་རིང་ལ་ཁྲ་འགུ་ཚེ་སྒྲུབ་ཐུགས་རྗེ་གསང་འདུས་ཟེར་བ་ཚོགས་རྒྱུ་ཡིན་པ་སོགས་ཀྱི་སྐོར། ཀེ་ན་ཌའི་ཝན་ཀུ་ཝར་ས་གནས་སུ་རྟེན་གཞི་བྱས་པའི་ཁྲ་འགུ་དགོན་པའི་བླ྄་མ་པད་མ་ཚེ་དབང་རིན་པོ་ཆེ་ལགས་སུ་ཚེ་དབང་ནོར་བུས་བཅར་འདྲི་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་ཚེ་དབང་ནོར་བུ།