དེང་དུས་རོལ་དབྱངས་ཀྱི་ངོ་བོའི་ཐོག་ནས་༼བོད་ཀྱི་རྒྱལ་གླུ། ༽ཡི་དབྱངས་ཤིག་འདོན་སྤེལ་གནང་བ།
ཨ་རིའི་གྷརེ་མི་ (Grammy) བྱ་དགའི་འོས་མི་བོད་ཀྱི་གནའ་དེང་གླུ་གཞས་དང་རོལ་དབྱངས་སྒྱུ་རྩལ་བ་ཨའོསི་ཊརེ་ལི་ཡར་གནས་བཞུགས་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་ཉེ་ཆར་གསར་དུ་འགྲེལ་སྤེལ་གནང་བའི་གླུ་གཞས་སྐད་འཁོར་གསར་པ་༼ནམ་མཁའི་ངུར་སྒྲ༽ཞེས་པའི་ནང་། ཁེནཊའི་ནང་རྟེན་གཞི་བྱེད་པའི་Metta Strings ཞེས་པའི་རོལ་དབྱངས་ཚོགས་པ་དང་མཉམ་དེང་དུས་རོལ་དབྱངས་ཀྱི་ངོ་བོའི་ཐོག་ནས་༼བོད་ཀྱི་རྒྱལ་གླུ། ༽ཡི་དབྱངས་ཤིག་འདོན་སྤེལ་གནང་ཡོད་པ་རེད།
དེའི་མཚོན་དོན་གཙོ་བོ་ནི་བོད་མི་རྒན་རབས་འདས་སོན་རྣམས་ཀྱི་བཀྲིན་རྗེས་དྲན་ཞུ་སླད་དང་ཆེ་མཐོང་གི་ཆེད་དམིགས་པ་ཞིག་ཡིན་པ་དང་། བོད་ནང་དུ་བཀག་སྡོམ་བྱས་པའི་རྒྱལ་གླུ་དེ་འཛམ་གླིང་གང་སར་ཚང་མས་བཀོལ་སྤྱོད་ཐུབ་སླད་དམིགས་པ་ཡིན་པ་གསུངས་བྱུང་། གཤམ་ལ་བོད་ཀྱི་གནའ་དེང་རོལ་དབྱངས་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་སུ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་གནང་གི་རེད།།

གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།