ཨོན་ཏྲེ་རི་ཡོ་མངའ་སྡེའི་མི་སེར་གྱི་ཐོབ་ཐང་དང་རིག་གཞུང་སྣ་མང་གི་བློན་ཆེན་གངས་ལྗོངས་ཆོས་ལྡན་གླིང་དུ་ཕེབས་ཡོད་པ།

2022.03.19
ཨོན་ཏྲེ་རི་ཡོ་མངའ་སྡེའི་མི་སེར་གྱི་ཐོབ་ཐང་དང་རིག་གཞུང་སྣ་མང་གི་བློན་ཆེན་གངས་ལྗོངས་ཆོས་ལྡན་གླིང་དུ་ཕེབས་ཡོད་པ། ཨོན་ཏྲེ་རི་ཡོ་མངའ་སྡེའི་འཐུས་མི་དཀར་པོ་ཆེ་བུ་འཁྲིད་ལགས་ཀྱིས་རྒྱབ་སྐྱོར་འོག་ཟླ་བ་འདིའི་ཚེས་ ༡༧ ཉིན་ཨོན་ཏྲེ་རི་ཡོ་མངའ་སྡེའི་མི་སེར་གྱི་ཐོབ་ཐང་དང་རིག་གཞུང་སྣ་མང་གི་བློན་ཆེན་གངས་ལྗོངས་ཆོས་ལྡན་གླིང་དུ་ཕེབས་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཨོ་རྒྱན

ཟླ་བ་འདིའི་ཚེས་ ༡༧ ཉིན། ཁེ་ན་ཌའི་ཨོན་ཏྲེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ནང་ཨོན་ཏྲེ་རི་ཡོ་མངའ་སྡེའི་འཐུས་མི་དཀར་པོ་ཆེ་བུ་འཁྲིད་ལགས་ཀྱིས་རྒྱབ་སྐྱོར་འོག་ཨོ་ཏྲེ་རི་ཡོ་མངའ་སྡེའི་མི་སེར་གྱི་ཐོབ་ཐང་དང་རིག་གཞུང་སྣ་མང་གི་བློན་ཆེན་ Parm Gill མཆོག་གངས་ལྗོངས་ཆོས་ལྡན་གླིང་དུ་ཆེད་ཕེབས་ཀྱིས་སྤྱི་མཐུན་ཚོགས་པའི་གནས་སྟངས་དང་རྒྱ་བསྐྱེད་ཆེད་མངའ་སྡེ་གཞུང་ནས་དཔལ་འབྱོར་རོགས་རམས་གང་གནང་ཐུབ་མིན་ཐད་ཚོགས་འདུ་ཞིག་བསྐོང་གནང་བ་དེར་བོད་རིགས་སྤྱི་མཐུན་ཚོགས་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་བཅས་ལྷན་འཛོམས་གནང་ཡོད་པ། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་འདི་གའི་གསར་འགོད་པ་ཨོ་རྒྱན་ལགས་སུ་ངོ་སྤྲོད་གནང་ཡོད་པ་ཞིག་གསན་རོགས་ཞུ།།
གསར་འགོད་པ། ཨོ་རྒྱན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎