བོད་པའི་སྤྱི་ཚོགས་གཙོས་སྤྱི་ཚོགས་ནང་བཙན་གཡེམ་དང་ཆགས་སྤྱོད་ཀྱི་བརྗོད་གཞི་ཐོག་ཟབ་སྦྱོང་གནང་ཡོད་པ།
2023.08.17

ཕྱོ་ལོ་༢༠༢༣ ཟླ་ ༧ ཚེས་ ༢༤ ནས་ཟླ་ ༨ ཚེས་ ༤གཟའ་འཁོར་གཉིས་རིང་དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁང་འོག་བུད་མེད་ནུས་སྟོབས་གོང་སྤེལ་གྱིས་སྤྱིར་སྤྱི་ཚོགས་དང་བོད་པའི་སྤྱི་ཚོགས་གཙོས་བཙན་གཡེམ་དང་ཆགས་སྤྱོད་ཀྱི་བརྗོད་གཞི་གཙོ་བཟུང་འོག་བོད་པའི་གཞིས་ཆགས་དང་སློབ་གྲྭ་བཙུན་མ་ཚོར་ཟབ་སྦྱོང་གནང་ཡོད་པའི་སྐོར་བསྟན་འཛིན་དཔལ་མོ་ལགས་ཀྱིས་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་འགན་འཛིན་ཚེ་རིང་སྐྱིད་ལགས་སུ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག