བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་འཕོ་འགྱུར།
2016.04.14

༄༅༎ཕྱི་ཟླ་༤ཚེས་༡༤རེས་གཟའ་ཕུར་བུའི་ཉིན་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱི་ཞབས་ལོ་ཚང་རྗེས་དྲུང་ཆེ་ཐུབ་བསྟན་རྡོ་རྗེ་ལགས་སྤྱི་ཁྱབ་འགན་འཛིན་གསར་པར་འདེམས་བསྐོ་བྱུང་བ་དང་འགན་འཛིན་གསར་རྙིང་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བྷེ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎གསར་འགོད་པ་བློ་བྷེ།