བོད་དང་ཧོང་ཀོང་གཉིས་ཀྱི་གནས་བབས་མཚུངས་བསྡུར།
2020.06.05
༄༅།། ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབས་པའི་གླེང་བྱ་ནི། སྤྱིར་ན་བོད་ལ་ལོ ༩ དང་ཧོང་ཀོང་ནང་ལོ ༢༣ གྱི་འཕེལ་རིམ་ཁྲོད་ཀྱི་འགྱུར་འགྲོས་གཤིབས་བསྡུར་བྱ་རྒྱུ་ཡིན་ལ། བྱེ་བྲག་གྲོས་མཐུན་དོན་ཚན ༡༧ དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྒྱབ་ལྗོངས། དེ་གཉིས་ཀྱི་འདྲ་ས་དང་མ་འདྲ་ས། མའོ་ཙེ་ཏུང་གི་ལོ ༦ ལ་མི་འགྱུར་དང་ཏེང་ཞོ་ཕིང་གི་ལོ ༥༠ ལ་མི་འགྱུར་གཉིས་ཀྱི་འདྲ་ས་དང་དམིགས་ཡུལ། རྒྱལ་ཁབ་བདེ་འཇགས་ཁྲིམས་སྲོལ་དང་གྲ་སྒྲིག་ལྷན་ཁང་གི་རྒྱབ་ལྗོངས་དང་དེ་གཉིས་གཤིབས་བསྡུར། དེ་མིན་སྐབས་འདིར་བོད་ལ་གོ་སྐབས་ཅི་ཞིག་ཡོད་པ་དང་། རྒྱ་ནག་གཞུང་ལ་ཡིད་ཆེས་མི་རུང་དོན་བཅས་ཀྱི་སྐོར། བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་པ་པོ་དང་ཆབ་སྲིད་དཔྱད་པ་བརྗོད་ལྷ་སྡེ་གནམ་ལོ་ཡག་དང་མཉམ་དུ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།