བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་དང་ཐུབ་བསྟན་ཆོས་ཉིད་ལགས་རྣམ་གཉིས་ནས་བོད་དོན་ལས་འགུལ།
2024.02.21
གཟའ་འཁོར་འདིའི་ཁ་བའི་གྲོས་རྭའི་ལེ་ཚན་ནང་། ཨ་རིའི་ཧྥི་ལཱ་ཌེལ་ཧྥི་ཡ་གྲོང་ཁྱེར་དུ་གནས་སྡོད་གནང་མཁན་ལོ་གཅིག་རིང་ལ་བོད་དོན་ལས་འགུལ་སྤེལ་མཁན་ཐུབ་བསྟན་ཆོས་ཉིད་ལགས་དང་། དེ་བཞིན་བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ལོ་མི་གསར་ཞེས་པའི་ལས་འགུལ་སྤེལ་མཁན་ཨོ་སི་ཊི་ལི་ཡ་བཅར་བཞུགས་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་གཉིས་ལ་ཁོང་རང་གཉིས་རང་སོ་སོ་ངོས་ནས་ཁེར་རྐྱང་གི་ལས་འགུལ་སྤེལ་བ་དེའི་དོན་སྙིང་དང་། དཀའ་ངལ་ཅི་འཕྲད། གདོང་ལེན་གནང་སྟངས། ཤུགས་རྐྱེན་ཅི་བྱུང་བཅས་ཀྱི་ཐད་ལ་ཁོང་རང་ཉིད་དང་ལྷན་དུ་ཆོས་སྐྱིད་ཀྱིས་གླེང་མོལ་བྱས་པར་གསན་རོགས་ཞུ།
གསར་འགོད་པ། ཆོས་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།