དབུས་ལམ་རིང་མོ་ཞེས་པའི་རྩེད་ཆས་གསར་པ།
2021.03.02

༄༅།།ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་ཨ་མེ་རི་ཀའི་ཀེ་ལི་ཕོར་ནི་ཡ་མངའ་ཁུལ་དུ་གནས་བཞུགས་དོན་གྲུབ་ཚེ་རིང་ལགས་ཀྱིས་བོད་པའི་བྱིས་པ་ཆུང་ཆུང་རྣམས་ལ་དམིགས་ནས་སྒྲུང་དེབ་ཁག་ཅིག་དང་། སློབ་ཁྲིད་བྱེད་སྐབས་ཀྱི་དབྱངས་གསལ་གྱི་ཡིག་རིས་ཡོ་ཆས་མང་དག་ཅིག་གསར་བཟོ་གནང་ཡོད་ལ། ཉེ་ལམ་ཡང་ཁོང་གིས་བོད་ཕྲུག་ཚོས་བོད་ཡིག་ལ་དོ་སྣང་སྤྲོད་ཐབས་དང་དེ་ཡང་སྤྲོ་སྣང་ཐོག་ནས་སློབ་ཁྲིད་ཡོང་ཐབས་ཆེད་དམིགས་བཀར་དབུས་ལམ་རིང་མོ་ཞེས་པའི་རྩེད་ཆས་གསར་བཟོ་གནང་ཡོད་པ་རེད། གཤམ་ལ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་དོན་གྲུབ་ཚེ་རིང་ལགས་དང་ལྷན་བོད་ཀྱི་སྐད་ཡིག་སློབ་གསོ་དང་འབྲེལ་བའི་ཁོང་གི་ལས་འཆར་དེ་དག་ཐད་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག