བོད་ཁྱོན་ཡོངས་སུ་ལོ་སར་སོགས་གཅིག་གྱུར་བྱས་པའི་དགེ་སྐྱོན།
2017.03.03
༄༅། །ཐེངས་འདིའི ༼ གངས་ལྗོངས་གླེང་སྟེགས༽ ནང་དུ། གངས་ལྗོངས་ཡུལ་གྱི་མགོ་ནག་བོད་པ་ཡོངས་རྫོགས་སྐད་ཡིག་གཅིག ཆོས་ལུགས་གཅིག གོམས་སྲོལ་གཅིག མདོར་ན་རིག་གཞུང་གཅིག་གིས་སྦྲེལ་ཅིང་སྒྲིལ་ཡང་། དུས་ཡུན་རིང་པོར་རྒྱལ་པོ་གཅིག ཁྲིམས་ལུགས་གཅིག སྲིད་ལུགས་གཅིག་གིས་མ་བསྐྱངས་པར་སིལ་བུར་འཐོར་སྟབས། བོད་ཆོལ་ཁ་གསུམ་ན་ལུགས་སྲོལ་ཁ་ཤས་ཤིག་མི་གཅིག་པ། མི་འདྲ་བ། མི་མཐུན་པའི་གནས་སྟངས་ཤར་ཡོད་ལ། དཔེར་ན་རྩིས་ལུགས་གཅིག་ཀྱང་རྩིས་སྟངས་མི་གཅིག་པས་ལོ་སར་དེ་ཉི་མ་གཅིག་ལ་ཁེལ་གྱིན་མེད་པ་ལྟ་བུ་དང་། དུས་ཆེན་གཞན་དག་ཀྱང་དེ་བཞིན་ནོ། འོ་ན་རྩིས་སྟངས་གཅིག་གྱུར་བྱེད་དགོས་ན་ཇི་ལྟར་བྱེད། ལོ་སར་གཅིག་གྱུར་བྱེད་དགོས་ན་ཇི་ལྟར་བྱེད། རྩིས་སྟངས་གཅིག་གྱུར་བྱས་པའི་དགེ་བ་དང་མ་བྱས་པའི་སྐྱོན་ཆ་ལ་སོགས་པའི་ཐད་སྐར་རྩིས་ཆེད་མཁས་པ་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་ཡིན།
གདན་ཞུ་སྐུ་མགྲོན།
ཨ་རིའི་ཝིར་རྗི་ནི་ཡ་མངའ་སྡེའི་ཤར་ལོ་སི་ཝེལ་གྲོང་ཁྱེར་ན་ཡོད་པའི་བཀྲ་ཤིས་ཆོས་གླིང་ཆོས་ཚོགས་ཀྱི་འགན་འཛིན་ཇོ་ནང་པའི་མཁན་པོ་ངག་དབང་རྡོ་རྗེ་ལགས་ཡིན། མཁན་པོ་ངག་དབང་རྡོ་རྗེ་ལགས་ཀྱིས་དུས་འཁོར་དང་དམིགས་བསལ་སྐར་རྩིས་དང་རྒྱ་ནག་ཞིང་རྩིས་ལ་སློབ་སྦྱོང་མཐར་ཐུག་གནང་ཡོད་པ་རེད། གཤམ་ལ་ལེ་ཚན་དེ་གསན་རོགས་གནང་།
གསར་འགོད་པ་སྟག་ལྷ་རྒྱལ།