ཏོག་དབྱིབས་རྐྱེན་པས་སློབ་ཡོན་ཕྱི་བཤོལ་བྱེད་དགོས་པ་སོགས་ཀྱི་དཀའ་ངལ།
2021.02.04
མི་རབས་གསར་པའི་ལེ་ཚན་ནང་། ཨ་རི་གཞུང་ནས་༢༠༢༢ལོའི་རྒྱ་བལ་གཉིས་སུ་ཨ་རིའི་བོད་མིའི་སློབ་ཡོན་གསལ་བསྒྲགས་གནང་ཡོད་པ་རེད། འོན་ཀྱང་ཏོག་དབྱིབས་རིམ་ནད་ཀྱི་རྐྱེན་པས་དེ་སྔོན་སློབ་ཡོན་གྱི་གོ་སྐབས་ཐོབ་པའི་སློབ་མ་ཁག་ཅིག་ད་ལྟའང་ཨ་རིར་འབྱོར་མ་ཐུབ་པར་ལུས་ཡོད་པ་དང་། སློབ་ཡོན་ཕྱི་བཤོལ་བྱེད་དགོས་པ་སོགས་དཀའ་ངལ་དུ་མ་ཞིག་འཕྲད་འདུག་ན། དེ་རིང་གི་ལེ་ཚན་འདིའི་ནང་། བོད་ཀྱི་མ་དངུལ་ཐེབས་རྩའི་སློབ་ཡོན་འགན་འཛིན་བསྟན་འཛིན་ཆོས་འཕེལ་ལགས་སུ་ཨ་རིའི་བོད་མིའི་སློབ་ཡོན་གྱི་གནས་བབ་སྐོར་འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བཅར་འདྲི་ཞུས་པ་གསན་རོགས་གནང་།