སྦེལ་འཇིཡམ་ནང་བོད་ཀྱི་འདྲ་པར་གྱི་འགྲེམས་སྟོན་ཞིག་གནང་བ།

2023.03.14
སྦེལ་འཇིཡམ་ནང་བོད་ཀྱི་འདྲ་པར་གྱི་འགྲེམས་སྟོན་ཞིག་གནང་བ།
འཛམ་ལྷ།

༡༩༨༨ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྨོན་ལམ་སྐབས་གདན་ས་ཁག་གི་དགེ་འདུན་པས་གཙོས་བོད་མི་ཚོས་རྒྱ་ནག་གཞུང་ལ་རྔམ་སྟོན་ངོ་རྒོལ་གནང་སྐབས་ལས་འགུལ་ནང་དངོས་སུ་ཞུགས་ནས་བྲོས་བྱོལ་དུ་ཕེབས་དགོས་འཁེལ་པ་སྐབས་དེར་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཡིན་པ་འཛམ་ལྷ་ལགས་ཀྱིས་ཡོ་རོབ་སྦེལ་འཇིཡམ་རྒྱལ་ས་སྦརཱསེལསི་གྲོང་ཁྱེར་ Leuven ཁུལ་དུ་གསུམ་བཅུའི་དུས་དྲན་དང་བསྟུན། ཁོང་གིས་བོད་ནང་གི་བོད་མིའི་དཀའ་སྡུག་མྱངས་དང་མྱོང་བཞིན་པ་གསལ་སྟོན་ཆེད།  ཕྱི་ཟླ་ ༣ ཚེས་ ༩ དང་ ༡༠ བཅས་སོ་སོར་བོད་ཀྱི་འདྲ་པར་ཀྱི་འགྲེམས་སྟོན་ཞིག་གནང་ཞིང་།  རྒྱ་རིགས་སློབ་མ་མང་པོ་ཞིག་ལ་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་ཐུབ་པ་བྱུང་པ་ཁོང་དང་ཁོང་གི་རོགས་པ་བདེ་ཆེན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེ་བརྗོད་གནང་བྱུང་།  གཤམ་ལ་འདི་ག་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་འཛམ་ལྷ་ལགས་དང་།  བདེ་ཆེན་ལགས་གཉིས་ལ་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎