ཚན་རིག་དང་ལྟ་གྲུབ་ཀུན་བཏུས།
2013.09.26

༄༅། །དེ་རིང་གི་གཏམ་གླེང་ཞལ་པར་གྱི་ལེ་ཚན་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བཞིན། ནང་པའི་གཞུང་ནས་གསུངས་པའི་ནང་ཆོས་ཀྱི་ཚན་རིག་དང་། ནང་ཆོས་ཀྱི་ལྟ་གྲུབ། དེ་བཞིན་ནང་ཆོས་ཀྱི་ཉམས་ལེན་བཅས་སྡེ་ཚན་གསུམ་ལ་དབྱེ་བ་ཕྱེ་གནང་བའི་ཁྲོད་ནས། ནང་པ་ཙམ་མ་ཡིན་པར་མི་སུ་འདྲ་ཞིག་གིས་ཀྱང་ལག་བསྟར་བྱ་རྒྱུ་ཡོད་པའི་ནང་པའི་གཞུང་ནས་གསུངས་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཆེན་མོ་ཞུ་བའི་ཕྱག་དེབ་ཁག་ཅིག་རྩོམ་སྒྲིག་གནང་བཞིན་ཡོད་པ་རེད། དེའི་སྐོར་ལ་འབྲེལ་ཡོད་དང་ལྷན་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།།