༢༠༡༡ལོའི་བཀའ་བློན་ཁྲི་པའི་འོས་བསྡུ།
2010.05.13
༄༅༎དེ་རིང་གི་གཏམ་གླེང་ཞལ་པར་གྱི་ལེ་ཚན་ནང་དུ་ཕྱི་ལོ་༢༠༡༡ལོའི་ནང་བཙན་བྱོལ་བོད་མི་ཚོས་སྐབས་བཅོ་ལྔ་པའི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་དང༌།སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་བསྡུའི་གྲ་སྒྲིག་གནང་ཕྱོགས་དང་འབྲེལ་བའི་འོས་བསྡུའི་སྒྲིག་གཞི་ཁག དེ་བཞིན་མང་ཚོགས་ཀྱི་བསམ་ཚུལ་བཅས་ཀྱི་སྐོར་ལ་རིག་ལྡན་སྒྲོལ་མ་ལགས་ཀྱིས་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་དང༌།བོད་གནད་ཉམས་ཞིབ་པ་ཀླུ་དཀར་བྱམས་ལགས། ཡང་བོད་ནང་ནས་ཞལ་པར་གནང་མཁན་ཆོས་ལྡན་ལགས་བཅས་དང་ལྷན་དུ་གླེང་མོལ་ཞུས་པ་ཞིག་གསན་རོགས༎